Homeདཔལ་འབྱོར།ཚོང་འབྲེལ།རྒྱ་ནག་གིས་ཡུ་རོབ་སྟེང་སྒོ་ཁྲལ་བཀལ། 

རྒྱ་ནག་གིས་ཡུ་རོབ་སྟེང་སྒོ་ཁྲལ་བཀལ། 

Date:

རྒྱ་ནག་གིས། ཡུ་རོབ་ཀྱི་འོ་མ་དང་སྤྲི། ཕྱུར་བ་སོགས་ཞིང་ལས་ཐོན་རྫས་མང་པོའི་སྟེང་། གནས་སྐབས་སྒོ་ཁྲལ་བརྒྱ་ཆ་ 42.7% བར་བཀལ་ཅིང་། སྒོ་ཁྲལ་འདི་དེ་རིང་གཟའ་མིག་དམར་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བསྒྲགས།

རྒྱ་ནག་གིས། ཡུ་རོབ་ཀྱི་འོ་མ་དང་སྤྲི། ཕྱུར་བ་སོགས་ཞིང་ལས་ཐོན་རྫས་མང་པོའི་སྟེང་། གནས་སྐབས་སྒོ་ཁྲལ་བརྒྱ་ཆ་ 42.7% བར་བཀལ་ཅིང་། སྒོ་ཁྲལ་འདི་དེ་རིང་གཟའ་མིག་དམར་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བསྒྲགས། དོན་དངོས་སུ་ཐོན་རྫས་མང་ཆེ་བའི་སྟེང་སྒོ་ཁྲལ་བརྒྱ་ཆ་ 28% ནས་བརྒྱ་ཆ་ 30% བར་བཀལ་ཟིན་པ་གསལ།

སྒོ་ཁྲལ་འདི་འགེལ་དགོས་པའི་རྒྱུ་མཚན་དུ་རྒྱ་ནག་གཞུང་གིས། ཡུ་རོབ་རྒྱལ་ཁབ་ཀྱི་གཞུང་དག་གིས་རང་གི་བཟོ་གྲྭ་དག་ལ་རོགས་སྐྱོར་གྱིས། ཞིང་ལས་ཐོན་རྫས་ཐོན་སྐྲུན་བྱེད་བཞིན་པས། དེས་རྒྱ་ནག་གི་ཁྲོམ་ར་དང་ཐོན་རྫས་ལ་གནོད་སྐྱེལ་བཞིན་འདུག་ཅེས་བཤད།

ཡུ་རོབ་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་གིས་རང་གི་གློག་རྫས་རླངས་འཁོར་བཟོ་གྲྭ་དག་ལ། ཁྲལ་ཆག་ཡང་སོགས་བརྒྱུད་རོགས་བསྐྱོར་གྱིས། རིན་གོང་ཆུང་བའི་རླངས་འཁོར་གང་མང་ཡུ་རོབ་ཀྱི་ཁྲོམ་རར་བླུག་བཞིན་པ་དང་། འདིས་ཡུ་རོབ་ཀྱི་ཁྲོམ་ར་དང་རླངས་འཁོར་བཟོ་གྲྭ་དག་ལ་གནོད་སྐྱེལ་བཞིན་འདུག་ཅེས། ཕྱི་ལོ་ 2023 ལོར་ཡུ་རོབ་མཉམ་འབྲེལ་གྱིས། རྒྱ་ནག་གི་གློག་རྫས་རླངས་འཁོར་དག་ལ་ཞིབ་འཇུག་འགོ་བཙུགས།

ཕྱི་ལོ་ 2024 ཟླ་ 10 ནང་ཡུ་རོབ་ཀྱིས་རྒྱ་ནག་གི་གློག་རྫས་རླངས་འཁོར་དག་གི་སྟེང་སྒོ་ཁྲལ་བཀལ། དེར་བརྟེན་ཆེད་མཁས་པ་ཚོ་ལྟར་ན། ཐེངས་འདིར་རྒྱ་ནག་གིས་ཡུ་རོབ་ཀྱི་སྟེང་སྒོ་ཁྲལ་འགེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འདི་ཡིན་པ་ལས་ཁོ་ཚོས་བཤད་པའི་རྒྱུ་མཚན་དེ་མིན་པ་དང་། ཚོང་འབྲེལ་ལས་གཞན་འདི་ལ་ཆབ་སྲིད་ཀྱི་ནང་དོན་ཡོད་པ་བཤད། 

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།