Homeརྒྱལ་སྤྱི།ཨ་མེ་རི་ཀཨེབ་སི་ཀྲེན་གྱི་གནམ་གྲུའི་ནང་ཐེངས་བརྒྱད་འཕུར།

ཨེབ་སི་ཀྲེན་གྱི་གནམ་གྲུའི་ནང་ཐེངས་བརྒྱད་འཕུར།

Date:

ཨ་རིའི་ཁྲིམས་ལུགས་ལྟ་ཞིབ་དང་། ལག་བསྟར་ལྷན་ཁང་གིས། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་དང་། བརྙན་པར་སྐོར་ཞིག་ཕྱིར་བཀྲམས་ཤིང་། འདིའི་ནང་དུ་སྒྲོ་ནལ་ཁྲི་རམ་ཕུ་ཨེབ་སི་ཀྲེན་གྱི་གནམ་གྲུའི་ནང་ལ་ཐེངས་བརྒྱད་འཕུར་ཟིན་པ་བཀོད།

ཨ་རིའི་གྲོས་ཚོགས་ཀྱིས་བཟོས་པའི་དུས་བཅད་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན། ཨ་རིའི་ཁྲིམས་ལུགས་ལྟ་ཞིབ་དང་། ལག་བསྟར་ལྷན་ཁང་གིས། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་ཚང་མ་ཕྱིར་འགྲེམས་དགོས་ཀྱང་། སྐབས་དེར་ཡིག་ཆ་དང་པར་སྐོར་ཞིག་ལས་ཕྱིར་མ་བཀྲམས་ཤིང་། བཀྲམས་ཟིན་པ་མང་པོ་ཞིག་ཀྱང་ཀློག་མི་ཐུབ་པ་མ་ཟད། སྒྲོ་ནལ་ཁྲི་རམ་ཕུ་ཡོད་པའི་པར་ཞིག་ཐོག་མར་ཕྱིར་བཀྲམས་ཤིང་། རྗེས་སུ་པར་དེ་ཕྱིར་འཐེན་དང་། དེའི་རྗེས་སུ་ཡང་བསྐྱར་བཞག་པ་སོགས། མི་རྣམས་ལ་དོགས་པ་དང་ཁོང་ཁྲོ་བསླངས། 

ད་ལྟ་ཡང་བསྐྱར་ཡིག་ཆ་སྐོར་ཞིག་ཕྱིར་བཀྲམས། གསར་དུ་བཀྲམས་པ་དག་གི་ཁྲོད་དུ་ཡིག་ཆ་མ་ཟད། པར་དང་བརྙན་སོགས་ཕོན་ཆེན་ཡོད་པ་དང་། འདི་དག་ཚང་མར་ལྟ་ཞིབ་བྱ་རྒྱུར་ཆུ་ཚོད་འགའ་འགོར་རྒྱུ་ཡིན་པ་ཚོད་དཔག་བྱེད།

འདིའི་ཁྲོད་དུ་ཡོད་པའི་གློག་འཕྲིན་ཕྱི་ལོ་ 2020 ཟླ་ 1 ཚེས་ 7 ཉིན་བཏང་བ་ཞིག་ལྟར་ན། ཕྱི་ལོ་ 1993 ནས་ཕྱི་ལོ་ 1996 བར་སྒྲོ་ནལ་ཁྲི་རམ་ཕུ། ཨེབ་སི་ཀྲེན་སྒེར་གྱི་གནམ་གྲུའི་ནང་ཐེངས་ 8 ལ་འཕུར་ཟིན་པ་དང་། ཐེངས་གཅིག་སྒྲོ་ནལ་ཁྲི་རམ་ཕུ་དང་ཨེབ་སི་ཀྲེན། གཞན་ལོ་ན་ 20 ཅན་ཞིག་བཅས་གཅིག་བུ་འཕུར་བའི་གནས་ཚུལ་ཞིག་བཀོད།

དེ་དང་ལྷན་ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གིས། སྲིད་འཛིན་ཁྲི་རམ་ཕུ་དང་འབྲེལ་བའི་གནས་ཚུལ། ཐེངས་འདིར་ཕྱི་ལ་ཐོན་པ་ཁ་ཤས་ཤིག་བདེན་པ་མ་ཡིན་པ་དང་། གཞི་མེད་ཡིན་པས་ཡིད་གཟབ་དགོས། གནས་ཚུལ་དེ་དག་ཕྱི་ལོ་ 2020 ལོར་ཡིག་འཇོག་བྱས་པ་ཞིག་རེད་ཅེས་བསྒྲགས། 

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།