Homeརྒྱལ་སྤྱི།ཨ་མེ་རི་ཀགྲུ་གཟིངས་དེ་འཛིན་མ་ཐུབ།

གྲུ་གཟིངས་དེ་འཛིན་མ་ཐུབ།

Date:

ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་ཡོད་པའི་ཨ་རིའི་དམག་དཔུང་གིས། གྲུ་གཟིངས་ཤིག་འཛིན་ཆེད། རྗེས་འདེད་གཏོང་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ཨེ་བྷི་སི་གསར་ཁང་ལྟར་ན། ད་ལྟ་གྲུ་གཟིངས་འདི་ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་ལ་བྲོས་ཟིན་པའི་གནས་ཚུལ་བཀོད།

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ནས། ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་ཡོད་པའི་ཨ་རིའི་དམག་དཔུང་གིས། གྲུ་གཟིངས་ཤིག་འཛིན་ཆེད། རྗེས་འདེད་གཏོང་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ཨེ་བྷི་སི་གསར་ཁང་ལྟར་ན། ད་ལྟ་གྲུ་གཟིངས་འདི་ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་ལ་བྲོས་ཟིན་པའི་གནས་ཚུལ་བཀོད།

ཁ་སང་ཡུ་རོབ་ཀྱི་གསང་བའི་ལས་བྱེད་ཅིག་གིས་ཨེ་པི་གསར་ཁང་ལ། ད་ལྟ་རཱ་ཤི་ཡའི་ཕྱི་སྲིད་ལྷན་ཁང་གིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཏུ་ཡོད་པའི་ཁོ་ཚོའི་ཕྱི་འབྲེལ་ལས་བྱེད་དག་གི་ནང་མི་ཕྱིར་ལེན་བཞིན་པ་བཤད། ལས་འགུལ་འདི་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ནས་འགོ་བཙུགས་ཟིན་པ་དང་། རིམ་པ་དང་པོའི་ཁྲོད་བྱིས་པ་དང་བུད་མེད་དག་ཕྱིར་རཱ་ཤི་ཡའི་རྒྱལ་ནང་དུ་ལེན་བཞིན་པ་བཤད།

ཡིན་ན་ཡང་། དེ་རིང་རཱ་ཤི་ཡའི་ཕྱི་སྲིད་ལྷན་ཁང་གི་ཏར་འཕྲིན་སྟེང་། གནས་ཚུལ་འདི་རྫུན་མ་རེད་ཅེས་བཤད། དེ་དང་ལྷན་རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝི་རོ་ཡིས། ཝེ་ནེ་ཛོ་ལའི་དབུ་ཁྲིད་ཚོ་དང་ལྷན་ཁ་པར་བརྒྱུད་གླེང་མོལ་དང་། སྐབས་དེར་ཁོས། རཱ་ཤི་ཡའི་ངོས་ནས་ཝེ་ནེ་ཛོ་ལ་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཤད། ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་ 2 བཟུང་ཟིན་པ་ལྟར། རྡོ་སྣུམ་འདི་དག་ཨ་རིས་འཚོང་ཡང་སྲིད་ཅེས་སྒྲོ་ནལ་ཁྲི་རམ་ཕུས་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།