Homeདཔལ་འབྱོར།ཨ་རིའི་དཔལ་འབྱོར་སྔོན་དཔག་ལས་བརྒལ་བའི་ཡར་རྒྱས་ཕྱིན།

ཨ་རིའི་དཔལ་འབྱོར་སྔོན་དཔག་ལས་བརྒལ་བའི་ཡར་རྒྱས་ཕྱིན།

Date:

ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་ཨ་རིའི་རདཔལ་འབྱོར་ཡར་རྒྱས་དེ་བརྒྱ་ཆ་ 4.3% གྱུར། འདི་ནི་འདས་པའི་ལོ་ 3 རིང་གི་དུས་ཡུན་གཅིག་པ་དག་དང་བསྡུར་ན། ཡར་རྒྱས་ཚད་མཐོ་ཤོས་སུ་གྱུར། སྒྲོ་ནལ་ཁྲི་རམ་ཕུས། འདི་ནི་གཙོ་བོ་སྒོ་ཁྲལ་སྲིད་བྱུས་ལ་བརྟེན་ནས་བྱུང་ཡིན་པ་བཤད། 

ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་ཨ་རིའི་རདཔལ་འབྱོར་ཡར་རྒྱས་དེ་བརྒྱ་ཆ་ 4.3% གྱུར། འདི་ནི་འདས་པའི་ལོ་ 3 རིང་གི་དུས་ཡུན་གཅིག་པ་དག་དང་བསྡུར་ན། ཡར་རྒྱས་ཚད་མཐོ་ཤོས་སུ་གྱུར་ཅིང་། དཔལ་འབྱོར་རིག་པ་ཚོས་བརྒྱ་ཆ་ 3.3% ཡིན་པ་སྔོན་དཔག་བྱས་ཀྱང་དེ་ལས་བརྒལ། རྒྱུ་རྐྱེན་གཙོ་བོ་ཞིག་ནི་རྒྱལ་ནང་གི་འཛད་སྤྱོད་པས་དངུལ་སྒོར་བཏང་བའི་ཚད་དེ་བརྒྱ་ཆ་ 3.5% ལ་འཕར་བ་དེ་གྱུར། དེའི་དོན་ནི་ཨ་རི་བ་ཚོས། ཟས་རིགས་གྱོན་ཆས། ཅ་དངོས་ཉོ་བ། འགྲུལ་བསྐྱོད་བྱེད་པའི་ཚད་ཧ་ཅང་མཐོ་ཞིང་། འཕྲོད་བསྟེན་ཆེད་འགྲོ་གྲོན་ཆེན་པོ་གཏོང་བཞིན་པ་དེ་རེད། 

དེ་བཞིན་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། 
རྒྱལ་ཁབ་གཞན་དག་གི་སྟེང་སྒོ་ཁྲལ་བཀལ་ཅིང་། ཨ་རི་དང་རྒྱལ་ཁབ་གཞན་བར་གྱི་ཚོང་འབྲེལ་འདྲ་མཉམ་མ་ཡིན་པའི་བར་སྟོང་དེ་ཆུང་དུ་བཏང་བ་དང་། ཨ་རིས་ཕྱི་རྒྱལ་ནས་ཅ་དངོས་ཉོ་བ་ཉུང་དུ་དང་། ཕྱི་རྒྱལ་ལ་ཕར་ཅ་དངོས་འཚོང་བའི་ཚད་ཡར་འཕར་བ་དེ་ནི་རྒྱུ་རྐྱེན་གཞན་གལ་ཆེན་ཞིག་ཏུ་གྱུར་ཟིན་པ་གསལ། གཞན་ཡང་འཕྲུལ་རིག་དང་བཅོས་མའི་རིག་པ་ཡར་རྒྱས་ཆེད་མ་རྐང་ཆེན་པོ་བཞག་པ།
གཞུང་གིས་བདེ་སྲུང་གཙོས་ལས་འཆར་མང་པོའི་ཁྲོད་འགྲོ་གྲོན་མང་པོ་བཏང་བ་དེ་བཅས་རྒྱུ་མཚན་དུ་གྱུར་ཟིན་པ་བཤད། ཡིན་ན་ཡང་། ས་ཁང་ཉོ་འཚོང་དང་ཁང་པ་གསར་རྒྱག་གི་འཚོང་ལས་ཤུགས་ཆེན་ཡར་འཕར་མ་ཐུབ་པ་བཤད། 

དེ་བཞིན་ཡོང་སྒོ་ཆེ་བའི་མི་དང་ཁེ་གཉེར་ཆེན་པོ་དག་གི་དཔལ་འབྱོར་གནས་སྟངས་ཧ་ཅང་ཡག་ཏུ་འགྲོ་བཞིན་ནའང་། འབྱོར་འབྲིང་སྤྱི་ཚོགས་རིམ་པ་འོག་མ་དང་འབྱོར་འབྲིང་སྤྱི་ཚོགས། དེ་བཞིན་ཚོང་ལས་ཆུང་ངུ་དག་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་ཡོད་པ་བཤད། དེའི་རྒྱུ་མཚན་གཙོ་བོ་ནི་སྒོ་ཁྲལ་གྱི་རྐྱེན་པས། ཕྱི་རྒྱལ་གྱི་ཚོང་ཟོག་ནང་འདྲེན་ལ་ཚོད་འཛིན་ཐེབས་པས། ཉིན་རེའི་དགོས་མཁོ་དག་གི་རིན་གོང་འཕར་བ་དང་། ཡིག་ཆ་ཚད་ལྡན་མེད་པར་རྒྱལ་ནང་དུ་བསྡད་ཡོད་མཁན་དག་ལ་རྗེས་འདེད་དང་། ཕྱིར་ཕུད་གཏོང་འགོ་བཙུགས་རྐྱེན་གླ་དངུལ་ཆུང་བའི་ལས་མིའི་གྲངས་ཉུང་དུ་ཕྱིན་པ་སོགས་ཀྱིས་ཡིན་པ་བཤད།

སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཡར་རྒྱས་འདི་ནི་གཙོ་བོ་ཁོའི་སྒོ་ཁྲལ་སྲིད་བྱུས་ལ་བརྟེན་ནས་བྱུང་ཡིན་པ་བསྒྲགས་ཤིང་། ཨ་རིའི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་མཐོ་རུ་གཏོང་བའི་ལམ་ཀ་གཅིག་བུ་ནི་འདི་ཡིན་པ་བསྒྲགས། ཡིན་ན་ཡང་། དཔལ་འབྱོར་རིག་པ་བ་འགའ་ཤས་ཀྱིས། དོན་དངོས་སུ་སྲིད་བྱུས་འདིས་ཕུགས་རྒྱང་གི་ཆ་ནས། ཅ་དངོས་ཀྱི་རིན་གོང་ཡར་འཕར་དུ་འཇུག་རྒྱུ་དང་། དབུལ་ཕྱུག་བར་ཧེ་བག་ཆེ་རུ་གཏོང་རྒྱུ་ཡིན་པ་བཤད་ཅིང་། དེའི་ཉེན་བརྡ་ལྟ་བུར་ཕྱི་ཟླ་ 10 ནང་འཛད་སྤྱོད་པར་ཐད་ཀར་བཙོང་བའི་ཚད་(Retail sales)ཚད་དང་། རླངས་འཁོར་བཙོང་བའི་ཚད་མར་ཟག་ཟིན་པ། མི་དམངས་ཀྱི་ཡོང་སྒོ་ཚད་ཡར་འཕར་ཐུབ་ཀྱི་མེད་པའ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག