Homeརྒྱལ་སྤྱི།ཨ་མེ་རི་ཀམི་ཚེ་ནི་འདྲ་མཉམ་ཞིག་མ་རེད།

མི་ཚེ་ནི་འདྲ་མཉམ་ཞིག་མ་རེད།

Date:

ཕྱི་ལོ་ 2019 ཟླ་ 8 ནང་ཨེབ་སི་ཀྲེན་རང་ཉིད་ཀྱིས་བྲིས་པ་ཡིན་པར་བཤད་པའི་ཡི་གེ་ལག་བྲིས་མ་ཞིག་ཕྱིར་ཐོན། དེའི་ནང་དུ་ཁོས། ང་ཚོའི་སྲིད་འཛིན་(སྒྲོ་ནལ་ཁྲི་རམ་ཕུ།)གྱིས་ཀྱང་། བུ་མོ་ན་ཚོད་སྨུན་མ་ཐག་པ་དག་སྤྱད་ཡོད་པ་རེད་ཅེས་བྲིས།

སླར་ཡང་ཨ་རིའི་ཁྲིམས་ལུགས་ལྟ་ཞིབ་དང་། ལག་བསྟར་ལྷན་ཁང་གིས། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་དང་། པར་སོགས་ཕོན་ཆེན་ཞིག་ཕྱིར་བཀྲམས་ཟིན་པ་ལྟར། དེའི་ཁྲོད་དུ་ཕྱི་ལོ་ 2019 ཟླ་ 8 ནང་ཨེབ་སི་ཀྲེན་རང་ཉིད་ཀྱིས་བྲིས་པ་ཡིན་པར་བཤད་པའི་ཡི་གེ་ལག་བྲིས་མ་ཞིག་ཕྱིར་ཐོན། དེའི་ནང་དུ་ཁོས། ང་ཚོའི་སྲིད་འཛིན་(སྒྲོ་ནལ་ཁྲི་རམ་ཕུ།)གྱིས་ཀྱང་། བུ་མོ་ན་ཚོད་སྨུན་མ་ཐག་པ་དག་སྤྱད་ཡོད་པ་རེད་ཅེས་བྲིས་ཤིང་། མཇུག་ཏུ་ཁོས། མི་ཚེ་ནི་འདྲ་མཉམ་ཞིག་མ་རེད་ཅེས་བྲིས།

ད་དུང་སྐབས་དེར་ཁོ་བཀག་མཉར་འོག་ཡོད་པས། ཁོས་བཙོན་སྲུང་བར་ངའི་ཤག་རོགས་ཀྱིས་ང་གསོད་ཐབས་བྱེད་ཀྱི་འདུག་ཅེས་བཤད་ཡོད་པའི་གནས་ཚུལ་ཞིག་ཀྱང་བཀོད། ཁྲིམས་ལུགས་ལྟ་ཞིབ་དང་ལག་བསྟར་ལྷན་ཁང་གིས། ནག་ཅན་ཨེབ་སི་ཀྲེན་གྱི་ལག་བྲིས་ཡིན་པར་བཤད་པའི་ཡི་གེ་འདི་བདེན་པ་ཡིན་མིན་ཞིབ་འཇུག་བྱེད་བཞིན་པ་བཤད། རྗེས་སུ་ཁོ་ཚོས་ཡི་གེ་འདི་ནི་རྫུན་མ་རེད་ཅེས་ཟེར། 

ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་དག་ཕྱིར་འགྲེམས་སྟངས་དང་། སྒྲོ་ནལ་ཁྲི་རམ་ཕུ་སྲུང་སྐྱོབ་བྱེད་སྟངས་དང་འབྲེལ། ད་ལྟའི་ཁྲིམས་ལུགས་ལྟ་ཞིབ་དང་། ལག་བསྟར་ལྷན་ཁང་གི་ལས་བྱེད་མང་པོ་འབྱུང་འགྱུར་ཁྲིམས་སྒོར་ལྷུང་རྒྱུ་ཡིན་པའི་སྔོན་བརྡའང་བཏང་། བདུན་ཕྲག་སྔོན་མར་བཏོན་པའི་ཁྲོད་སྲིད་འཛིན་ཟུར་བ་ཁི་ལེན་ཀྲོན་གྱི་པར་འགའ་ཚུད་ཡོད་པ་ལྟར། ཁི་ལེན་ཀྲོན་གྱི་མགྲིན་ཚབ་པས། ད་ལྟ་ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་ཚང་མ་ཕྱིར་འདོན་རོགས་ཞེས་འབོད་སྐུལ་ཞུས། 

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།