Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

མཇར་མན་གྱི་ཆབ་སྲིད་ཚོགས་པ་(AfD)ཡིས་མཇར་མན་གྲོས་ཚོགས་ལ། ཡུ་ཁུ་རན་ལ་གོ་ལག་གཏོང་སའི་ལམ་ཀ་གང་ཡིན་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་དགོས་ཞེས་ཤོད་བཞིན་པའི་གནས་ཚུལ་ཐོན། གསང་བ་འདི་ཚོགས་པ་འདིའི་ལག་ཏུ་ཤོར་ཚེ། རཱ་ཤི་ཡའི་ལག་ཏུ་འཆོར་སྲིད་པ་དོགས་པ་བྱེད།

•. འདས་པའི་བདུན་ཕྲག་ 1 རིང་རཱ་དམག་གིས། རྡོ་ཉད་སི་ཀི་ས་ཁུལ་གྱི་ཡུ་དམག་གི་འགོག་སྲུང་གཏོར་ཆེད། གཡུལ་སའི་ཕྱོགས་འགའ་ནས་ལྕགས་ཁྲབ་འཁོར་ལོ་སོགས། གོ་ལག་ལྗིད་པོ་མང་པོ་བེད་སྤྱོད་ཀྱིས་ཚུར་རྒོལ་བྱས། ཡུ་དམག་ལྟར་ན། ཐེངས་འདིའི་ཚུར་རྒོལ་ཚང་མ་ཕྱིར་བཟློགས་ཟིན་པ་དང་། ཚུར་རྒོལ་འདིའི་ཁྲོད་རཱ་དམག་གི་དམག་དོན་ཡོ་ཆས་འདྲ་མིན་གྲངས་ 500 དང་། རཱ་དམག་གྲངས་ 2,116 ཤི་རྨས་བཟོས་ཟིན་པ་བཤད། 

•. དབྱིན་ཇིའི་ནོར་སྲིད་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། རཱ་ཤི་ཡའི་དམག་སྤྱི་ཚོས། སྲིད་འཛིན་ཕུ་ཀྲན་ལ་གཡུལ་སའི་གནས་ཚུལ་རྫུན་མ་མང་པོ་སྤྲོད་བཞིན་པ་དང་། ཡུ་དམག་ལ་ཕམ་ཁ་འབྱུང་བཞིན་པའི་ཚད་འུར་སྒྲོག་དང་། རཱ་དམག་ལ་འབྱུང་བཞིན་པའི་གྱོང་གུན་མང་པོ་ཆེད་དུ་གསང་བཞིན་པའི་གནས་ཚུལ་བཀོད། འདི་ནི་དམག་འཁྲུག་མཚམས་འཇོག་འདོད་མེད་པའི་ཕུ་ཀྲན་གྱི་བསམ་བློ་མཁྲེགས་སུ་འགྲོ་བཞིན་པའི་རྒྱུ་མཚན་ཆེན་པོ་ཞིག་ཡིན་པ་བཤད།

•. རཱ་དམག་གིས་ཡུ་ཁུ་རན་གྱི་ཁར་ཁེ་ཝུ་མངའ་སྡེའི་ཀུ་པན་སི་ཀི་གྲོང་བརྡལ་འཕྲོག་ཟིན་ཅེས་དང་། གྲོང་བརྡལ་འདིའི་ནང་དང་ལྷོ་ཕྱོགས་ཀྱི་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་ནང་དུ། རཱ་དམག་གིས་ཡུ་དམག་སྟོང་ཕྲག་མང་པོའི་མཐའ་ཡོངས་སུ་བསྐོར་ཟིན་ཅེས། ཕུ་ཀྲན་གྱིས་བདེན་པ་མ་ཡིན་པའི་སྐད་ཆ་ཐེངས་འགར་བཤད། སྐད་ཆ་འདི་དག་དམག་སྤྱི་གྷེ་ར་སེ་མོ་ཡིས་ཕུ་ཀྲན་ཡར་ཞུ་བྱེད་བཞིན་པའི་བརྙན་ཡང་ཕྱིར་བཀྲམས།

•. ཉེ་དུས་ཡུ་ཁུ་རན་གྱི་ཆིར་ནོ་བྷེལ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཆས་ཤིག་ལ་གཏོར་རྒོལ་ཐེབས་ཤིང་། ད་ལྟ་ཉིང་རྡུལ་གློག་འདོན་འཕྲུལ་ཆས་ཨང་བཞི་བ་དེ་ཉེན་ཁའི་ཁྲོད་ཡོད་པ་བཤད་ཅིང་། གློག་ཁང་འདིར་ལྟ་སྐྱོང་བྱེད་མཁན་གྱིས། མཐའ་ན་གཏོར་སྐྱོན་ཆུང་ངུ་ཞིག་གིས་ཀྱང་ཉིང་རྡུལ་ཆག་སྒོ་བསློང་སྲིད་པ་དང་། དེ་བསྐྱར་གསོ་བྱ་རྒྱུར་ལོ་ངོ་ 4 དང་ 5 བར་འགོར་སྲིད་པ་བཤད། ཕྱི་ལོ་ 1986 ལོར་གློག་ཁང་འདིའི་རྡུལ་རྫས་ཕྱིར་ཤོར་བའི་ཆག་སྒོ་ཆེན་པོ་ཞིག་བྱུང་ཞིང་། འདི་ལ་ཆིར་ནོ་བྷེལ་ཉིང་རྡུལ་ཆག་སྒོ་(Chernobyl disaster)ཞེས་འབོད། འདི་ནི་འཛམ་གླིང་གི་ཉིང་རྡུལ་ཆག་སྒོ་ཆེ་ཤོས་སུ་གྱུར།

•. ཕྱི་ལོ་ 2024 ལོ་སྟེ་ཨ་རིའི་སྲིད་འཛིན་བྷ་ཀྲན་གྱི་སྐབས་སུ། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོའི་འགོག་རྐྱེན་ཁྲོད། ཨ་རིས་ཡུ་ཁུ་རན་ལ་དམག་དོན་རོགས་སྐྱོར་ཨ་སྒོར་ཐེར་འབུམ་ $60 ཅན་དེར་ཡུན་རིང་ཆོག་མཆན་མ་ཐོབ་པ་དང་། ཡུ་ཁུ་རན་ལ་གོ་ལག་དང་ལྷག་པར་སྒྱོགས་མདེལ་གྱི་དཀའ་ངལ་འཕྲད་སྐབས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དུ་མས་གྲུབ་པའི་ཚོགས་པ་ཞིག་བཙུགས་ཤིང་། སྒྱོགས་མདེལ་ཉོས་ནས་ཡུ་ཁུ་རན་ལ་བཏང་། 

•. ཡིན་ན་ཡང་། ད་ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་འགྱུར་བ་ཕྱིན་པས། ད་ལྟ་རྒྱལ་ཁབ་འདི་ཚོགས་པ་འདི་ནས་ཕྱིར་འཐེན་སྲིད་པའི་མཚམས་སུ་སླེབས་ཤིང་། རྒྱལ་ཁབ་འདིའི་བདེ་སྲུང་བློན་ཆེན་ཡུ་ཁུ་རན་དུ་འགྲོ་རྒྱུ་བྱས་པར། དེའང་གཞུང་གསར་བས་བཀག ཡིན་ན་ཡང་། མུ་མཐུད་དུ་དམག་དོན་རོགས་སྐྱོར་གཏོང་རྒྱུ་ཡིན་པ་བཤད། ཡུ་རོབ་ཀྱི་རྒྱལ་ཁབ་དག་རྙིང་ཞེན་ཤོག་ཁག་གིས་འཛིན་བཞིན་པ་དང་ལྷན། ཡུ་ཁུ་རན་ལ་མུ་མཐུད་དུ་རོགས་སྐྱོར་བྱ་མིན་དེའང་འབྱུང་འགྱུར་དཀའ་ངལ་ཞིག་ཏུ་འགྱུར་སྲིད་པའི་རྣམ་པ་ཐོན།

•. དཔེར་ན། ད་ལྟ་རྒྱབ་སྐྱོར་བ་མང་དུ་འགྲོ་བཞིན་པའི་མཇར་མན་གྱི་རྙིང་ཞེན་ཆབ་སྲིད་ཚོགས་པ། མཇར་མན་གྱི་ཆེད་གདམ་ཀ་གཞན་(AfD)ཡིས། ཡུ་ཁུ་རན་ལ་རོགས་སྐྱོར་གཏོང་རྒྱུ་ངོ་རྒོལ་བྱེད་བཞིན་པ་མ་ཟད། ད་ལྟ་ཆབ་སྲིད་ཚོགས་པ་འདིས་མཇར་མན་གྲོས་ཚོགས་ལ།མཇར་མན་གྱི་སྒྲི་རོན་བཟོ་སྐྲུན་དང་བཟོ་སྐྲུན་བསྟི་གནས། ཡུ་ཁུ་རན་ལ་གོ་ལག་གཏོང་སའི་ལམ་ཀ་གང་ཡིན་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་ཞེས་དགོས་འདུན་འདོན་བཞིན་པའི་གནས་ཚུལ་ཐོན་ཅིང་། གལ་སྲིད་ཆེས་མཐོའི་གསང་བའི་གནས་ཚུལ་འདི་དག་ཚོགས་པ་འདིའི་ལག་ཏུ་ཤོར་ཚེ། ཞོར་དུ་རཱ་ཤི་ཡའི་ལག་ཏུ་འཆོར་སྲིད་པར་འཇིགས་སྣང་བྱེད་བཞིན་པ་གསལ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།