Homeརྒྱལ་སྤྱི།ཨ་མེ་རི་ཀཨོན་རྡུ་ར་སིའི་འོས་བསྡུ། 

ཨོན་རྡུ་ར་སིའི་འོས་བསྡུ། 

Date:

དབུས་ཨ་མེ་རི་ཀའི་རྒྱལ་ཁབ་ཨོན་རྡུ་ར་སིའི་(Honduras)སྲིད་འཛིན་འོས་བསྡུའི་ཁྲོད། རྙིང་ཞེན་ཆབ་སྲིད་ཚོགས་པའི་འོས་མི་ཨ་སི་ཧྥུ་ར་(Nasry Asfura)ཞེས་པར་རྒྱལ་ཁ་ཐོབ་ཟིན་པ་བསྒྲགས།

དབུས་ཨ་མེ་རི་ཀའི་རྒྱལ་ཁབ་ཨོན་རྡུ་ར་སིའི་(Honduras)སྲིད་འཛིན་འོས་བསྡུའི་ཁྲོད། རྙིང་ཞེན་ཆབ་སྲིད་ཚོགས་པའི་འོས་མི་ཨ་སི་ཧྥུ་ར་(Nasry Asfura)ཞེས་པར་རྒྱལ་ཁ་ཐོབ་ཟིན་པ་བསྒྲགས། ཁོའི་བསྒྲགས་གཏམ་གཙོ་བོ་དག་ནི། ཚོང་ལས་སྒེར་བ་ཅན་དུ་སྒྱུར་རྒྱུ་དང་གཞུང་གི་སྟངས་འཛིན་ཕྱིར་འཐེན། ཤེས་ཡོན་དང་བདེ་སྲུང་གཙོ་བོར་འཛིན་རྒྱུ་དེ་ཡིན་པ་བསྒྲགས།

ཕྱི་སྲིད་ཀྱི་ཐད་ནས་རྒྱ་ནག་དང་འབྲེལ་ཐག་རིང་དུ་བཏང་ནས། ཐེ་ཝན་དང་འབྲེལ་ཐག་ཉེ་རུ་གཏོང་རྒྱུ་ཡིན་པའི་བརྡ་བཏང་། རྒྱལ་ཁབ་འདིས་སྔར་ཐེ་ཝན་དེ་རྒྱལ་ཁབ་ཅིག་ཡིན་པ་ཁས་ལེན་ནའང་། རྒྱ་ནག་གི་གནོན་ཤུགས་འོག་ཕྱི་ལོ་ 2023 ལོར་ཐེ་ཝན་དང་ཕྱི་འབྲེལ་བཅད་ཅིང་། རྒྱ་ནག་དམར་ཤོག་རྒྱལ་ཁབ་དེ་གཞུང་འབྲེལ་ངང་ཁས་བླངས།

ཡིན་ན་ཡང་། ད་ལོའི་རྒྱལ་ཁབ་འདིའི་འོས་བསྡུའི་ཁྲོད་རྙིང་ཞེན་ཆབ་སྲིད་ཚོགས་པའི་འོས་མི་མ་ཟད། གུ་ཡངས་ཆབ་སྲིད་ཚོགས་པའི་འོས་མི་ནཱ་སི་ར་ལ་(Salvador Nasralla)ཡིས་ཀྱང་། རྒྱ་ནག་དང་ལྷན་འབྲེལ་བ་བཙུགས་པས་ང་ཚོར་ཁེ་ཕན་གང་ཡང་མི་འདུག དེ་ལས་ཐེ་ཝན་དང་ལྷན་ཕྱི་འབྲེལ་བཙུགས་ན་ཁེ་ཕན་ཆེ་བ་འདུག་ཅེས་བཤད།

དེའི་དོན་ནི་རྒྱ་ནག་དམར་ཤོག་རྒྱལ་ཁབ་དང་ཕྱི་འབྲེལ་བཅད་ནས། ཐེ་ཝན་དེ་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་བྱས་ན་ཁེ་ཕན་ཆེ་བ་འདུག་ཅེས་པ་དེ་རེད། ཐེངས་འདིར་རྒྱལ་ཁ་ཐོབ་པའི་འོས་མི་འདི་ལ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་ལ། ཁོས། འོས་མི་འདི་ལ་རྒྱལ་ཁ་མ་ཐོབ་ཚེ་ཨ་རིས་རྒྱལ་ཁབ་འདི་ལ་རོགས་སྐྱོར་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ལྷོ་དང་དབུས་ཨ་མེ་རི་ཀ་གླིང་དུ་ཨ་རིའི་ཤུགས་རྐྱེན་རྒྱ་བསྐྱེད་བྱེད་པར། འོས་མི་འདི་ནི་ཆ་རྐྱེན་གལ་ཆེན་ཞིག་ཏུ་མཐོང་བཞིན་པ་གསལ། ད་ལྟ་ཨར་ཇི་ཀྲི་ན་དང་། ཨེལ་ས་ཝ་རྡོར་རྒྱལ་ཁབ་བཅས་རྙིང་ཞེན་ཤོག་ཁག་གམ། ཨ་རི་ལ་ཕྱོགས་མཁན་གྱི་ཆབ་སྲིད་ཤོག་ཁག་དག་གིས་བཟུང་ཟིན་པ་དང་། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཅི་ལིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱང་། རྙིང་ཞེན་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ།

འདི་དག་ནི་སྒྲོ་ནལ་ཁྲི་རམ་ཕུའི་དམིགས་ཡུལ་དག་སྒྲུབ་རྒྱུའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་གྱུར། ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས། རྒྱལ་ཁ་ཐོབ་ཟིན་པའི་ཨོན་རྡུ་ར་སིའི་སྲིད་འཛིན་འོས་མིར་འཚམས་འཕྲིན་བསྐུར་ཅིང་། ཨ་རིས་ཁོ་དང་ལྷན་མཉམ་ལས་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་བྲིས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག