Homeརྒྱལ་སྤྱི།ཨ་ཧྥེ་རི་ཀཨ་རིས་ནཱ་རྗེ་རེ་ཡའི་སྟེང་གཏོར་རྒོལ།

ཨ་རིས་ནཱ་རྗེ་རེ་ཡའི་སྟེང་གཏོར་རྒོལ།

Date:

ཡེ་ཤུ་འཁྲུངས་སྐར་དང་བསྟུན། ཨ་རིའི་མཁའ་དམག་གིས་ནཱ་རྗེ་རེ་ཡའི་ནུབ་བྱང་དུ་ཡོད་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་(ISIS)ཡི་སྟེང་གཏོར་རྒོལ་དྲག་པོ་བྱས་ཟིན་པ། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་བསྒྲགས།

ཉེ་དུས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ནཱ་རྗེ་རེ་ཡ་རུ་ཁ་ཆེ་ཚོས། ས་དེའི་ཡེ་ཤུ་མང་པོ་དམར་གསོད་བྱེད་བཞིན་པའི་གནས་ཚུལ་ཞིག་ཐོན་ཅིང་། ས་འདིའི་ཡེ་ཤུ་ཆོས་དཔོན་ཞིག་གིས། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་། རྒྱལ་སྲིད་དྲུང་ཆེའི་མིང་ཐོག་ལ་ཁོ་ཚོ་སྐྱོབ་དགོས་ཞེས་འབོད་སྐུལ་དྲག་པོ་ཞུས་ཟིན་པ་ལྟར། མདང་དགོང་ཡེ་ཤུ་འཁྲུངས་སྐར་དང་བསྟུན། ཨ་རིའི་མཁའ་དམག་གིས་ནཱ་རྗེ་རེ་ཡའི་ནུབ་བྱང་དུ་ཡོད་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་(ISIS)ཡི་སྟེང་གཏོར་རྒོལ་དྲག་པོ་བྱས་ཟིན་པ། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་བསྒྲགས།

ཁོས། ཐེངས་འདིར་གཅིག་བྱས་ན་དུས་རབས་མང་པོའི་རིང་མ་མཐོང་བའི་གཏོར་རྒོལ་ཞིག་ཨ་རིས་དམག་དཔུང་གིས་བྱས་ཟིན་པ་བཤད། སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་དྲག་སྤྱོད་པ་ཚོས་ཡེ་ཤུ་བ་ཚོ་དམར་གསོད་བྱེད་རྒྱུ་མཚམས་མ་བཞག་ཚེ། ཁོ་ཚོས་དེ་ལ་གུན་གསབ་ཆེན་པོ་ཞིག་སྤྲོད་དགོས་པ་ངས་སྔར་ནས་ཉེན་བརྡ་བཏང་ཟིན། ངའི་སྲིད་གཞུང་གི་འོག་ནས། ཐལ་མཐའ་ལྷུང་བའི་ཁ་ཆེ་དྲག་སྤྱོད་པ་ཚོའི་མགོ་འགྱོགས་སུ་འཇུག་རྒྱུ་མིན། ད་ལྟ་ཤི་ཟིན་པའི་དྲག་སྤྱོད་པ་ཚོ་ཚུད་པའི་ཚང་མར་ཡེ་ཤུ་འཁྲུངས་སྐར་ལ་འཚམས་འདྲི་ཞུ། གལ་སྲིད་ཁོ་ཚོས་ཡེ་ཤུ་བ་ཚོ་དམར་གསོད་བྱ་རྒྱུ་འཚམས་མ་བཞག་ཚེ། གཏོར་རྒོལ་འདི་ལས་མང་བ་བྱ་རྒྱུ་ཡིན་ཞེས་བྲིས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།