Homeདཔལ་འབྱོར།རྒྱ་ནག་གི་བཟོ་ལས་ཁེ་བག་མར་ཟག་པ། 

རྒྱ་ནག་གི་བཟོ་ལས་ཁེ་བག་མར་ཟག་པ། 

Date:

ད་ལོའི་ཕྱི་ཟླ་ 11 ནང་རྒྱ་ནག་གི་བཟོ་གྲྭ་དག་གི་ཚོང་གི་ཁེ་བག་བརྒྱ་ཆ་ 13.1% མར་ཟག འདི་ནི་འདས་པའི་ལོ་ 1 གི་རིང་བཟོ་གྲྭའི་ཁེ་བག་མར་ཟག་པ་སྡུག་ཤོས་སུ་གྱུར་ཅིང་། ད་ལོའི་ཕྱི་ཟླ་ 10 ནང་ལའང་བརྒྱ་ཆ་ 5.5% མར་ཟག་ཅིང་། ཕྱི་ཟླ་ 11 ནང་དེ་ལས་མར་ཤུགས་ཆེན་ལྷུང་ཟིན་པ་གསལ་བོར་གྱུར།

གསར་དུ་ཐོན་པའི་སྙན་ཐོ་ལྟར་ན། ལོ་སྔོན་མའི་དུས་ཡུན་གཅིག་པ་དང་བསྡུར་ན། ད་ལོའི་ཕྱི་ཟླ་ 11 ནང་རྒྱ་ནག་གི་བཟོ་གྲྭ་དག་གི་ཚོང་གི་ཁེ་བག་བརྒྱ་ཆ་ 13.1% མར་ཟག འདི་ནི་འདས་པའི་ལོ་ 1 གི་རིང་བཟོ་གྲྭའི་ཁེ་བག་མར་ཟག་པ་སྡུག་ཤོས་སུ་གྱུར་ཅིང་། ད་ལོའི་ཕྱི་ཟླ་ 10 ནང་ལའང་བརྒྱ་ཆ་ 5.5% མར་ཟག་ཅིང་། ཕྱི་ཟླ་ 11 ནང་དེ་ལས་མར་ཤུགས་ཆེན་ལྷུང་ཟིན་པ་གསལ་བོར་གྱུར། རྒྱུ་མཚན་གཙོ་བོ་ནི་ཕྱི་རྒྱལ་ལ་ཚོང་ཟོག་བཙོང་བའི་ཚད་ཡག་པོ་ཡོད་ཀྱང་། རྒྱལ་ནང་གི་འཛད་སྤྱོད་ཚད་ཧ་ཅང་དམའ་བས་ཡིན་པ་གསལ།

དེའི་མཇུག་འབྲས་སུ་བཟོ་གྲྭ་དག་གིས། ཐོན་ཟོག་གི་རིན་གོང་ཤུགས་ཆེན་མར་བཅག་བཞིན་པ་དང་། གཞན་ཡང་རྡོ་སོལ་ཁེ་གཉེར་གྱི་ཁེ་ཕན་དེ་བརྒྱ་ཆ་ 47.3% མར་ཟག་ཅིང་། འདིས་ཐོན་ཟོག་བཟོ་གྲྭ་སྤྱི་ལ་ཤུགས་རྐྱེན་ཐེབས། རྒྱ་ནག་གཞུང་གིས། ད་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དེ། བརྒྱ་ཆ་ 5% ཡིན་དགོས་པའི་སྔོན་རྩིས་བརྒྱབས་ཟིན་ནའང་། རང་དབང་ཞིབ་འཇུག་(Rhodium Group)ལྟར་ན། ད་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དེ་བརྒྱ་ཆ་ 2.5% ནས་བརྒྱ་ཆ་ 3% བར་ཡིན་པ་སྔོན་དཔག་བྱེད། དེའི་རྒྱུ་མཚན་གཙོ་བོ་ནི་ས་ཁང་ཁེ་གཉེར་གཙོས། ཚོང་ལས་ཁྲོད་མ་རྐང་འཇོག་པའི་ཚད་ཧ་ཅང་སྐྱོ་བ་དེ་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག