Homeརྒྱལ་སྤྱི།ཨེ་ཤ་ཡ།རཱ་ཤི་ཡ་རྒྱ་ནག་གི་རྒྱབ་ཏུ་ལངས་རྒྱུ་ཡིན།

རཱ་ཤི་ཡ་རྒྱ་ནག་གི་རྒྱབ་ཏུ་ལངས་རྒྱུ་ཡིན།

Date:

རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝི་རོ་ཡིས་ཞེ་ཅེན་ཕིན་ལ། གལ་སྲིད་ཐེ་ཝན་མཚོ་འགག་གི་གནས་ཚུལ་སྡུག་ཏུ་ཕྱིན་ཚེ། རཱ་ཤི་ཡ་རྒྱ་ནག་གི་ཕྱོགས་སུ་ལངས་རྒྱུ་ཡིན་ཞེས་བཤད།

གཟའ་ཟླ་བའི་ཞོགས་པ་ནས། སླར་ཡང་རྒྱ་ནག་གི་མཁའ་མཚོ་གཉིས་ཀྱི་དམག་དཔུང་ཐེ་ཝན་གྱི་ཐག་ཉེར་སྤུང་འགོ་བཙུགས་ཤིང་། སང་ཉིན་ནས་བཟུང་དམག་སྦྱོང་ཆེན་པོ་ཞིག་གི་འགོ་གཟུག་རྒྱུ་ཡིན་པ་བསྒྲགས། དེ་མ་ཐག་ཐེ་ཝན་དམག་དཔུང་གིས། གནམ་སྲུང་མ་ལག་དག་ཕྱིར་བཏོན་ཅིང་། མཚོ་ཐོག་ཏུ་གྲུ་གཟིངས་གཏོང་བ་སོགས་གཞི་རྒྱ་ཆེ་བའི་དམག་དོན་གྲ་སྒྲིག་འགོ་བཙུགས། ཐེངས་འདིར་ཐེ་ཝན་མཚོ་རྒྱུད་དུ་བཏང་བའི་རྒྱ་ནག་གི་གྲུ་གཟིངས་སོགས་ཀྱི་སྟེང་། མེས་རྒྱལ་གཅིག་གྱུར་ངེས་པར་དུ་ལེགས་པར་འགྲུབ་དགོས་པའི་བསྒྲགས་ཚིག་བཀོད།

འདི་ནི་ཉེ་དུས་ཨ་རིས་ཐེ་ཝན་ལ་འགོག་སྲུང་གོ་ལག་འཚོང་རྒྱུ་ཡིན་པ་བསྒྲགས་རྗེས་བྱུང་། དེ་དང་ལྷན་ཁ་སང་རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝི་རོ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སླེབས་ཤིང་ཞེ་ཅེན་ཕིན་དང་ལྷན་ཐུག སྐབས་དེར་སར་གྷེ་ལ་ཝི་རོ་ཡིས། རཱ་ཤི་ཡའི་ངོས་ནས་ཐེ་ཝན་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བསྐྱར་དུ་ངོས་འཛིན་དང་། ཐེ་ཝན་རང་བཙན་དང་འབྲེལ་བའི་བྱ་འགུལ་ཚང་མར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྒྲགས།

ད་དུང་ཁོས། (ནུབ་ཕྱོགས་ཀྱིས་)ཐེ་ཝན་བེད་སྤྱོད་ཀྱིས་རྒྱ་ནག་ལ་རྒོལ་བཞིན་པ་དང་། རྒྱ་ནག་ལ་རང་གི་མངའ་ཁོངས་བདག་དབང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ། གལ་སྲིད་ཐེ་ཝན་མཚོ་འགག་གི་གནས་ཚུལ་སྡུག་ཏུ་ཕྱིན་ཚེ། རཱ་ཤི་ཡ་རྒྱ་ནག་གི་ཕྱོགས་སུ་ལངས་རྒྱུ་ཡིན་ཞེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག