Homeརྒྱལ་སྤྱི།དཀྱིལ་ཤར།ནེ་ཏན་ཡ་ཧུ་ཨ་རིར་སླེབ་བཞིན་པ། 

ནེ་ཏན་ཡ་ཧུ་ཨ་རིར་སླེབ་བཞིན་པ། 

Date:

ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་ཐུག་ཆེད་ཨ་རིར་ཡོང་བཞིན་པའི་མཚམས། འདི་ནི་འདས་པའི་ཟླ་བ་ 10 རིང་ཁོ་ཨ་རིར་སླེབས་པ་ཐེངས་ལྔ་བ་དེ་འགྱུར་རྒྱུ།

ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་ཐུག་ཆེད་ཨ་རིར་ཡོང་བཞིན་པའི་མཚམས། འདི་ནི་འདས་པའི་ཟླ་བ་ 10 རིང་ཁོ་ཨ་རིར་སླེབས་པ་ཐེངས་ལྔ་བ་དེ་འགྱུར་རྒྱུ། ཁོ་གཉིས་ཨ་རིའི་ཧྥི་ལོ་ར་སྒྲ་མངའ་སྡེར་ཡོད་པ། སྒྲོ་ནལ་ཁྲི་རམ་ཕུ་སྒེར་གྱི་རྒྱས་སྤྲོ་ཁང་མར་ལ་གྷོ་རུ་ཐུག་རྒྱུ་ཡིན་པ་གསལ། ཐེངས་འདིར་ཁོ་གཉིས་ཀྱིས། གྷ་ཛ་ས་ཁུལ་དུ་བར་བརྒལ་འཛིན་སྐྱོང་གཞུང་ཞིག་འཛུགས་ཕྱོགས་དང་། གྷ་ཛ་ས་ཁུལ་གྱི་བདེ་འཇགས་ཆེད་རྒྱལ་སྤྱིའི་མཉམ་འབྲེལ་བདེ་སྲུང་རུ་ཁག་ཅིག་འཇོག་རྒྱུའི་ཐད་གྲོས་བྱ་རྒྱུ་ཡིན་པ་གསལ།

ད་ལོའི་གྲོས་མཐུན་ལྟར་ན་བར་བརྒལ་གཞུང་འདི། སྒྲོ་ནལ་ཁྲི་རམ་ཕུས་འགོ་འཁྲིད་པའི་རྒྱལ་སྤྱིའི་ཞི་བདེ་ལྷན་ཚོགས་ཤིག་གི་ལྟ་སྐྱོང་འོག་འཇོག་དགོས་པ་ཡིན། གནད་དོན་ཆེན་པོ་འདི་གཉིས་ནི་ད་ལོའི་ཕྱི་ཟླ་ 10 ནང་མེ་མཚམས་བཞག་པའི་གྲོས་མཐུན་གྱི་གོམ་སྟབས་གཉིས་པ་དེ་ཡིན་དགོས། ཡིན་ན་ཡང་། ཧཱ་མ་སི་དྲག་དཔུང་གིས་ད་ལྟ་བར་གོ་ལག་ཐང་ལ་འཇོག་རྒྱུའི་རྣམ་འགྱུར་མ་བསྟན་རྐྱེན། གྲོས་མཐུན་གྱི་ནང་དོན་རིམ་པ་གཉིས་པ་དག་ཇི་ལྟར་ལག་བསྟར་བྱ་རྒྱུ་ཡིན་རེ་ཞིག་མི་གསལ།

ཨ་རིའི་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་དང་ཁཱ་ཀྲར། ཨེ་ཇིབ་སོགས་ཀྱི་བར་འདུམ་བརྒྱུད། ཕྱི་ལོ་ 2023 ཟླ་ 10 ནས་འགོ་བཙུགས་པའི་གྷ་ཛ་ས་ཁུལ་གྱི་དམག་འཁྲུག་དེ། ད་ལོའི་ཕྱི་ཟླ་ 10 ནང་རེ་ཞིག་མཇུག་བསྡུས།ཡིན་ན་ཡང་། དེའི་རྗེས་སུའང་ཨེ་ཛི་རལ་གྱིས་མུ་མཐུད་དུ་གཏོར་རྒོལ་ཁྲོད། གྷ་ཛ་ས་ཁུལ་གྱི་མི་ 400 ལས་མང་བ་བསད་ཟིན་པ། ཧཱ་མ་སི་དྲག་དཔུང་གིས་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག