Homeརྒྱལ་སྤྱི།ཨེ་ཤ་ཡ།ཞེ་ཅེན་ཕིན་ངའི་གྲོགས་པོ་ཡིན་པས་སེམས་ཁྲལ་མེད།

ཞེ་ཅེན་ཕིན་ངའི་གྲོགས་པོ་ཡིན་པས་སེམས་ཁྲལ་མེད།

Date:

གསར་འགོད་པས་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་བྱེད་བཞིན་པའི་ཐད་སྐད་ཆ་དྲིས་པར། ཁོས། ཁོ་ཚོས་འདས་པའི་ལོ་ངོ་ 20 རིང་དམག་སྦྱོང་བྱེད་བསྡད་པ་རེད། ང་དང་སྲིད་འཛིན་ཞེ་ཅེན་ཕིན་བར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས་སྐྱོན་ཡོད་པ་མི་འདོད་ཅེས་བཤད།

•. གཟའ་ཟླ་བའི་ཞོགས་པ་ནས་ཐེ་ཝན་མཚོ་རྒྱུད་དུ་སླར་ཡང་། རྒྱ་ནག་གིས་མཁའ་མཚོ་གཉིས་ཀྱི་དམག་དཔུང་དང་། གོ་ལག་ཕོན་ཆེན་སྤུངས་ཤིང་དམག་སྦྱོང་ཆེན་པོ་ཞིག་གི་འགོ་བརྩམས། འདི་ནི་{ཕྱི་རྒྱལ་གྱི་ཐེ་བྱུས་འགོག་ཐབས་ཆེད་}སྦྱོང་བརྡར་ཡིན་ཞེས་ཐོག་མར་དངོས་སུ་བསྒྲགས།དེ་རིང་རྒྱ་ནག་དམག་དཔུང་གིས་ཐེ་ཝན་གླིང་ཕྲན་གྱི་ལྷོ་དང་། བྱང་གི་ཕྱོགས་སུ་སྦྱོང་བརྡར་དང་འཕུར་མདའ་འཕེན་པ་སོགས། སྦྱོང་བརྡར་འདི་ནི་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་སྐབས། ཨ་རི་དང་དེའི་མཐུན་ཕྱོགས་ཚོའི་ཐེ་བྱུས་འགོག་ཐབས་ལ་གཙོ་བོ་དམིགས་ཡོད་པ་ཡོད་པ་གསལ་བོར་བསྟན།

•. ཐེ་ཝན་མཚོ་གླིང་བསྐོར་རྒྱུ་དང་ཕྱི་ཕྱོགས་ཀྱི་རོགས་དམག་འགོག་ཆེད། ཆུ་ཚོད་ 10 ཡི་རིང་འཕུར་མདའ་འཕེན་པ་སོགས་དམག་སྦྱོང་བྱེད་བཞིན་པ་ཐད་ཀར་བརྙན་ལམ་ནས་བསྟན། རྒྱ་ནག་ཐེ་ཝན་ལས་དོན་ལྷན་ཁང་གིས། ཐེ་ཝན་གྱི་གནད་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་བྱུས་བྱེད་པའི་ཕྱི་ལོགས་ཀྱི་སྟོབས་ཤུགས་གང་ཞིག་ཡིན་ཡང་། ཁོ་ཚོའི་ཁྲག་གི་མགོ་བོ་དེ། མི་དམངས་བཅིངས་གྲོལ་དམག་གི་ལྕགས་མཁར་གྱི་སྟེང་བརྡབ་རྒྱུ་ལས་མེད་ཅེས་བསྒྲགས། ཐེ་ཝན་གྱི་གནད་དོན་དང་འབྲེལ་རྙོག་གྲ་སློང་མཁན་ཞིག་ཡོད་ཚེ། ཀྲུང་གོས་བློ་ཐག་ཆོད་པས་ཐད་ཀར་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས།

•. ཐེ་ཝན་བདེ་སྲུང་ལྷན་ཁང་ལྟར་ན། ཐེངས་འདིའི་དམག་སྦྱོང་ཁྲོད་རྒྱ་ནག་གི་གནམ་གྲུ་ 71 དང་། གྲུ་གཟིངས་ 24 ཞུགས་ཡོད་པ་དང་།
ཐེ་ཝན་གྱི་མཚོའི་ནང་དུ་འཕུར་མདའ་ 27 འཕངས་ཟིན་པ་བཤད།
རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱེད་བཞིན་པ་འདིའི་ཐད། གསར་འགོད་པས་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་སྐད་ཆ་དྲིས་པར། ཁོས། ཁོ་ཚོས་འདས་པའི་ལོ་ངོ་ 20 རིང་དམག་སྦྱོང་བྱེད་བསྡད་པ་རེད། ད་ལྟ་མི་རྣམས་ཀྱིས་འདི་ལ་ཅུང་ལྟ་ཕྱོགས་མི་འདྲ་བ་འཛིན་གྱི་འདུག ང་དང་སྲིད་འཛིན་ཞེ་ཅེན་ཕིན་བར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས་སྐྱོན་ཡོད་པ་མི་འདོད་ཅེས་བཤད།

•. ཡིན་ན་ཡང་། དོན་དངོས་སུ་འདི་ནི་ཕྱི་ལོ་ 2022 ལོར་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ལྕམ་ནན་སེ་པི་ལོ་སེ་ཐེ་ཝན་དུ་ཕྱིན་རྗེས་སུ། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་ཆེན་པོ་བྱས་པ་ཐེངས་དྲུག་པ་དེ་གྱུར་ཅིང་། ཐེངས་འདིའི་དམག་སྦྱོང་བྱེད་ཡུལ་ནི་ཐེ་ཝན་གླིང་ཕྲན་དང་ཁ་ཐག་ཉེ་ཤོས་དེ་གྱུར། དེ་མ་ཟད་འདི་ནི་ཐེ་ཝན་གླིང་ཕྲན་བསྐོར་རྒྱུ་ཙམ་ཞིག་མ་ཡིན་པར། ཕྱི་རྒྱལ་གྱི་ཐེ་བྱུས་འགོག་ཐབས་ཆེད་ཡིན་ཅེས་ཐོག་མར་བསྒྲགས། གཞན་ཡང་བདུན་ཕྲག་སྔོན་མར་ཞེ་ཅེན་ཕིན་གྱིས། ཤར་ཕྱོགས་དམག་སྡེའི་དམག་སྤྱིའི་གོ་གནས་རིམ་པ་ཡར་སྤར།

•. ཤར་ཕྱོགས་དམག་སྡེ་ནི་གཙོ་བོ་ཐེ་ཝན་གྱི་གནད་དོན་ཐད་ལྟ་མཁན་དེ་ཡིན་པས། དམག་འཁྲུག་དངོས་སུ་བྱུང་ཚེ་ཐོག་མར་ལག་འགུལ་མཁན་དཔུང་སྡེ་འདི་ཡིན་དགོས། གཞན་ཡང་བདུན་ཕྲག་སྔོན་མར་ཨ་རིའི་དམག་དོན་ལྟེ་གནས་ཕན་ཀྲ་གྷོན་གྱིས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གིས་ཐེ་ཝན་མཚོ་འགག་གི་དམག་འཁྲུག་ཁྲོད་རྒྱལ་ཐུབ་པའི་ནུས་པ་དེ། ཕྱི་ལོ་ 2027 ལོ་བར་ཡོངས་སུ་བསགས་རྒྱུར་གྲ་སྒྲིག་བྱེད་བཞིན་པ། ཨ་རིའི་དམག་དོན་དམག་དཔུང་གིས་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བཤད། ད་དུང་རྒྱ་ནག་གིས་ཐེ་ཝན་ལ་སྡུག་རྩུབ་ཆེན་པོས་ཚུར་རྒོལ་བྱ་རྒྱུར་སྦྱོང་བརྡར་བྱེད་བཞིན་པ། ཨ་རིའི་དམག་དོན་ཐབས་བྱུས་མཁན་ཚོས་ཡིད་ཆེས་བྱེད་བཞིན་པ་བཀོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག