Homeརྒྱལ་སྤྱི།ཨེ་ཤ་ཡ།ཞེ་ཅེན་ཕིན་གྱི་ལོ་སར་གྱི་གཏམ་བཤད།

ཞེ་ཅེན་ཕིན་གྱི་ལོ་སར་གྱི་གཏམ་བཤད།

Date:

ཞེ་ཅེན་ཕིན་གྱིས། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཀྲུང་གོས། ཐབས་བྱུས་ཀྱི་དམིགས་ཡུལ་དག་འགྲུབ་ཆེད་ལག་བསྟར་གསར་བ་འགོ་གཟུག་དགོས་པ་བཤད། ཐེ་ཝན་དང་འབྲེལ་ཁོས། མཚོ་འགག་གཉིས་ཀྱི་མི་དམངས་རྣམས། ཕན་ཚུན་ཁྲག་གིས་སྦྲེལ་ཡོད་པ་དང་། མེས་རྒྱལ་གཅིག་གྱུར་བྱ་རྒྱུའི་ལམ་ཀ་སུས་ཀྱང་འགོག་མི་ཐུབ་ཅེས་བཤད།

ཁ་སང་གཟའ་ལྷག་པའི་ཉིན། རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕིན་གྱིས་ལོ་གསར་བའི་གཏམ་བཤད་དེ་སྤེལ་ཅིང་། ཁོས། ལོ་གསར་བའི་ནང་རྒྱལ་དམངས་དཔལ་འབྱོར་ཡར་རྒྱས་དང་། འཕྲུལ་རིག་གསར་གཏོད་ཀྱི་ཐད་དུ་འབད་པ་སྡབ་འགྱུར་གྱིས་བྱ་དགོས་པ་བསྒྲགས་ཤིང་། ང་ཚོའི་རྨི་ལམ་དང་ང་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་འཐབ་ཆོག་ཅེས་བཤད། ལོ་འདི་ནི་རྒྱ་ནག་གི་ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་བ་ལག་བསྟར་ལོ་དང་པོ་དེ་ཡིན་པ་ལྟར། འདི་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཆོམ་འཕྲུལ་ལེའུ་རྗེས་མ་དེ་ཡིན་པ་བཤད། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་དེ། གསར་གཏོད་ཀྱི་གོམ་སྟབས་མགྱོགས་ཤོས་ཀྱི་ཁྲོད་དུ་ཡོད་པ་བསྒྲགས།

གཞན་ཡང་ཞེ་ཅེན་ཕིན་གྱིས་རྒྱ་དམར་གྱི་འགོ་ཁྲིད་ཚོར་གཏམ་བཤད་སྐབས། ལོ་འདིར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དམིགས་ཚད་བརྒྱ་ཆ་ 5% ཟིན་རྒྱུ་ཡིན་པ་བསྒྲགས། ཡིན་ན་ཡང་། རང་དབང་ཞིབ་འཇུག་(Rhodium Group)ལྟར་ན། ད་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དེ་བརྒྱ་ཆ་ 2.5% ནས་བརྒྱ་ཆ་ 3% བར་ཡིན་པ་སྔོན་དཔག་བྱེད། ཕྱི་སྲིད་ཀྱི་ཐད་ནས་ཞེ་ཅེན་ཕིན་གྱིས། འཛམ་གླིང་འདི་ནི་རྙོག་ཟིང་མང་ཞིང་། འགྱུར་ལྡོག་གི་གོ་རིམ་ཁྲོད་ཡོད་དང་། ཀྲུང་གོ་ནི་ནམ་ཡང་ལོ་རྒྱུས་ཀྱི་དྲང་ཕྱོགས་སུ་ལངས་ནས། རྒྱལ་ཁབ་གཞན་དང་ལྷན། མིའི་རིགས་ཐུན་མོང་ལ་དབང་བའི་ཡར་རྒྱས་དང་། ཞི་བདེ་ལྡན་པའི་འབྱུང་འགྱུར་ཞིག་སྐྲུན་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་བཤད།

དམར་ཤོག་ཚོགས་པའི་གསར་དེབ་བདེན་འཚོལ་(求是)གྱི་སྟེང་།རྩོམ་ཡིག་ཅིག་སྤེལ་བའི་ནང་ཞེ་ཅེན་ཕིན་གྱིས། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཀྲུང་གོས། ཐབས་བྱུས་ཀྱི་དམིགས་ཡུལ་དག་འགྲུབ་ཆེད་ལག་བསྟར་གསར་བ་འགོ་གཟུག་དགོས་པ་བཤད། དེ་བཞིན་ཐེ་ཝན་དང་འབྲེལ་ཁོས། མཚོ་འགག་གཉིས་ཀྱི་མི་དམངས་རྣམས། ཕན་ཚུན་ཁྲག་གིས་སྦྲེལ་ཡོད་པ་དང་། མེས་རྒྱལ་གཅིག་གྱུར་བྱ་རྒྱུའི་ལམ་ཀ་སུས་ཀྱང་འགོག་མི་ཐུབ་ཅེས་བཤད། བདུན་ཕྲག་འདིའི་ནང་རྒྱ་ནག་དམག་དཔུང་གིས། ཐེ་ཝན་གྱི་མཚོ་རྒྱུད་དུ་དམག་སྦྱོང་ཆེན་པོ་ཞིག་བྱས་ཤིང་། སྔོན་དཔག་མི་ཐུབ་པའི་ཨ་རིའི་སྲིད་གཞུང་འདིའི་སྐབས་སུ། ཞེ་ཅེན་ཕིན་གྱིས་ལག་འགུལ་སྲིད་པའི་ཉེན་ཁ་ཆེ་བ་ཤོད་མཁན་ཡང་བྱུང་།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།