Homeརྒྱལ་སྤྱི།ཡུ་རོབ་ཀྱིས་ཨ་རིར་ཉེན་བརྡ་བཏང་།

ཡུ་རོབ་ཀྱིས་ཨ་རིར་ཉེན་བརྡ་བཏང་།

Date:

གྷི་རེན་ལན་ཀྲི་དང་འབྲེལ་ཧྥ་རན་རིའི་སྲིད་འཛིན་མཇར་མན་གྱི་སྲིད་བློན། ཨི་ཀྲ་ལིའི་སྲིད་བློན། ཕོ་ལན་ཀྲིའི་སྲིད་བློན། སི་པན་གྱི་སྲིད་བློན། དབྱིན་ཇིའི་སྲིད་བློན།  སྒྲེ་མག་རྒྱལ་ཁབ་ཀྱི་སྲིད་བློན་བཅས་ཀྱིས་ཐུན་མོང་བསྒྲགས་གཏམ་ཞིག་སྤེལ།

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲྭ་ངོས་སུ། འདི་ནི་ང་ཚོའི་ས་ཁོངས་རེད། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ང་ཚོའི་བདེ་འཇགས་ལ་ཉེན་ཁ་འབྱུང་དུ་མི་འཇུག་ཅེས་བྲིས་ཤིང་། ནུབ་ཕྱོགས་ཀྱི་སྐམ་ས་དང་རྒྱ་མཚོའི་(West Hemisphere)ཆ་དག ཨ་རིའི་ཤུགས་རྐྱེན་ཁྱབ་ཁོངས་ཡིན་པ་དངོས་སུ་བསྒྲགས་པ་ལྟ་བུ་གྱུར། དེ་དང་ལྷན་སྒྲོ་ནལ་ཁྲི་རམ་ཕུས་ཡང་བསྐྱར། གྷི་རེན་ལན་ཀྲི་དེ་ང་ཚོའི་བདེ་སྲུང་ཆེད་ངེས་པར་དུ་དགོས། གཞན་རཱ་ཤི་ཡ་དང་རྒྱ་ནག་གི་གྲུ་གཟིངས་དག་དེར་སླེབས་ཀྱི་འདུག་ཅེས་བཤད།

དེའི་ལན་དུ་གྷི་རེན་ལན་ཀྲིའི་སྲིད་བློན་གྱིས། ང་ཚོ་ནི་མི་རབས་རིང་རང་གི་གྲོགས་པོར་བླ་དཀར། སྒྲོ་ནལ་ཁྲི་རམ་ཕུས་སྐད་ཆ་འདི་འདྲ་བཤད་པ་ནི། ནོར་འཁྲུལ་ཞིག་ཙམ་མ་རེད། འདི་ནི་གུས་ཞབས་མེད་པ་ཞིག་རེད། ང་ཚོའི་རྒྱལ་ཁབ་ནི་ཅ་དངོས་ཤིག་མ་རེད། ཨ་རི་དང་ཟླ་སྒྲིལ་རྒྱུའི་འཕྲུལ་སྣང་དང་། གནོན་ཤུགས་སྤྲོད་མཚམས་ཞོགས་ཞེས་བཤད། གླིང་ཕྲན་འདི་ནི་ཁྲིམས་ཐོག་ནས་སྒྲེ་མག་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པས། སྒྲེ་མག་གི་སྲིད་བློན་གྱིས། གལ་སྲིད་ཨ་རིས་ནུབ་ཆིངས་རྒྱལ་ཁབ་ཅིག་ལ་གཏོར་རྒོལ་བྱ་རྒྱུ་བདམ་ཚེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་སོགས། ཚང་མ་མཚམས་བཞག་ཟིན་པ་རེད། གྷི་རེན་ལན་ཀྲི་ནི་ནུབ་ཆིངས་ཀྱི་ས་ཁོངས་རེད་ཅེས་བཤད།

དེ་རིང་གྷི་རེན་ལན་ཀྲི་དང་འབྲེལ་ཧྥ་རན་རིའི་སྲིད་འཛིན་མཱ་ཁི་རོན་དང་། མཇར་མན་གྱི་སྲིད་བློན་མེར་ཚི། ཨི་ཀྲ་ལིའི་སྲིད་བློན་ལྕམ་མེ་ལོ་ནེ། ཕོ་ལན་ཀྲིའི་སྲིད་བློན་སྒྲོ་ནལ་ཁྲ་སི་ཁི། སི་པན་གྱི་སྲིད་བློན་སན་ཆེ་སི། དབྱིན་ཇིའི་སྲིད་བློན་ཁེར་ སི་ཀྲར་མེ། སྒྲེ་མག་རྒྱལ་ཁབ་ཀྱི་སྲིད་བློན་ལྕམ་ཧྥི་རེ་སྒྲེར་རེག་སེན་བཅས་ཀྱིས་ཐུན་མོང་བསྒྲགས་གཏམ་ཞིག་སྤེལ། དེའི་ནང་དུ། ཨར་ཀྲི་ཁི་(Arctic)བདེ་འཇགས་ནི་ཡུ་རོབ་དང་རྒྱལ་སྤྱི། ཡུ་རོབ་དང་བྱང་ཨ་རི་ལ་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ངོས་ནས། ཨར་ཀྲི་ཁི་ས་ཁུལ་ནི་གལ་ཆེན་ཞིག་ཡིན་པ་གསལ་བོར་བཟོས་ཟིན།

ཡུ་རོབ་ཀྱི་མཐུན་གྲོགས་ཚོས་འདིའི་ཆེད་(བདེ་སྲུང་)ཡར་རྒྱས་གཏོང་བཞིན་ཡོད། ཨར་ཀྲི་ཁི་ས་ཁུལ་བདེ་འཇགས་སུ་མཉར་ཆེད་དང་། དགྲ་བོ་དག་འགོག་ཆེད། ང་ཚོ་དང་མཐུན་ཕྱོགས་གཞན་དག་(གི་དམག་མི་)དང་། བྱ་འགུལ། མ་རྐང་འཇོག་རྒྱུ་མང་དུ་གཏོང་བཞིན་ཡོད། སྒྲེ་མག་རྒྱལ་ཁབ་ནི་ནུབ་ཆིངས་ཀྱི་ཆ་ཤས་ཤིག་རེད། དེར་བརྟེན་ཨར་ཀྲི་ཁི་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་དེ། རྒྱལ་ཁབ་རང་བཙན་དང་མངའ་ཁོངས་བདག་དབང་། རྒྱལ་མཚམས་སྲུང་སྐྱོབ་སོགས་རྒྱལ་ཚོགས་ཀྱི་ཁྲིམས་ལྟར། ཨ་རི་ཚུད་པའི་ནུབ་ཆིངས་རྒྱལ་ཁབ་ཚོས་ངེས་པར་དུ་ཐུན་མོང་གིས་མཉམ་སྒྲུབ་བྱ་དགོས་པ་ཡིན།

འདི་དག་ནི་སྤྱི་ལ་ཁྱབ་པའི་ཁྲིམས་རེད། ང་ཚོས་འདི་སྲུང་སྐྱོབ་བྱ་རྒྱུར་མཚམས་འཇོག་རྒྱུ་མིན། ཕྱི་ལོ་ 1951 ལོར་ཨ་རི་དང་སྒྲེ་མག་བར་བཞག་པའི་བདེ་སྲུང་གྲོས་མཐུན་ལྟར། ཨ་རི་ནི་ནུབ་ཆིངས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། འདིའི་ཆེད་མཐུན་གྲོགས་མེད་ཐབས་མེད་པ་ཞིག་རེད། གྷི་རེ་ལན་ཀྲི་ནི་ས་དེའི་མི་དམངས་ལ་བདག་པ་ཞིག་རེད། སྒྲེ་མག་དང་གྷི་རེན་ལན་ཀྲིའི་ཐད། སྒྲེ་མག་དང་གྷི་རེན་ལན་ཀྲི་གཅིག་བུར་ཐག་གཅོད་རྒྱུའི་དབང་ཆ་ཡོད་ཅེས་བྲིས། འདི་ནི་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་བར་ཐུག་པའི་གནས་ཚུལ་གལ་ཆེན་ཞིག་ཏུ་གྱུར་ཅིང་། སྒྲོ་ནལ་ཁྲི་རམ་ཕུའི་བྱེད་སྟངས་འདིས། ནུབ་ཆིངས་རྒྱལ་ཁབ་དག་གི་བར་འགལ་ཟླ་བཟོ་རྒྱུ་ཡིན་པ་དབྱེ་ཞིབ་པ་ཚོས་ཉེན་བརྡ་བཏང་།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།