Homeརྒྱལ་སྤྱི།ཡུ་རོབ།ཕུ་ཀྲན་གྱིས་ཨོར་ཤི་ནེ་ཁི་འཕུར་མདའ་འཕངས།

ཕུ་ཀྲན་གྱིས་ཨོར་ཤི་ནེ་ཁི་འཕུར་མདའ་འཕངས།

Date:

གཟའ་ཕུར་བུ་དང་གཟའ་པ་སངས་ཉིན་གྱི་ཞོགས་པར། སླར་ཡང་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་དང་། ལི་ཝེ་ཝི་ས་ཁུལ་བཅས་ལ་མཁའ་ཐོག་ནས་གཏོར་རྒོལ་དྲག་པོ་བྱས། ལྷག་པར་ལི་ཝེ་ཝི་ས་ཁུལ་དུ་གས་འཐོར་ཆེན་པོ་བྱུང་ཞིང་མཚན་མོའི་མཁའ་དབྱིངས་དམར་པོར་གྱུར།

ཐེངས་འདིར་རཱ་དམག་གིས། སྒྲ་རླབས་ལས་སྡབ་ 10 ཡས་མས་ཀྱི་མགྱོགས་ཤིང་། ཆུ་ཚོད་ 1 རིང་སྤྱི་ལེ་ 13,000 ལ་འཕུར་ཐུབ་མཁན་གྱི་བྷ་ལི་སི་ཀྲི་ཁི་འཕུར་མདའ་ཞིག་འཕངས་ཟིན་པ་ཡུ་ཁུ་རན་གྱིས་བཤད། འདི་འདྲའི་མགྱོགས་པོ་འཕུར་ཐུབ་མཁན་གྱི་འཕུར་མདའི་རིགས་གཅིག་ནི། ཨོར་ཤི་ནེ་ཁི་འཕུར་མདའ་ཡིན་པ་དང་ད་ལྟ་ཡུ་ཁུ་རན་གྱིས་འཕུར་མདའ་འདི་གང་ཡིན་ཞིབ་འཇུག་བྱེད་བཞིན་པ་བཤད།

ཡིན་ན་ཡང་། ད་ལྟ་རཱ་ཤི་ཡའི་བདེ་སྲུང་གིས། རཱ་དམག་གིས་ཐེངས་འདིར་འཕངས་པ་ནི། ཨོར་ཤི་ནེ་ཁི་འཕུར་མདའ་(Oreshnik)ཡིན་ཞེས་བསྒྲགས། དེ་ལྟར་ན་འདི་ནི་རཱ་དམག་གིས་ཨོར་ཤི་ནེ་ཁི་འཕུར་མདའ་སྤྱད་ནས་ཡུ་ཁུ་རན་ལ་ཚུར་རྒོལ་བྱས་པ་ཐེངས་གཉིས་པ་དེ་གྱུར། ཐེངས་དང་པོ་ནི་ཕྱི་ལོ་ 2024 ཟླ་ 11 ནང་སྒྲི་ནེ་པུར་གྲོང་ཁྱེར་ལ་གཏོར་རྒོལ་བྱས་པ་དེ་ཡིན། ཕུ་ཀྲན་གྱིས་འཕུར་མདའ་འདི་འཕངས་ནས། ཡུ་ཁུ་རན་གྱི་རྒྱལ་སའི་ལས་ཁུངས་གཙོ་བོ་དག་ལ་གཏོར་རྒོལ་བྱ་སྲིད་པའི་ཉེན་བརྡའང་བཏང་ཟིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག