Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

སྒྲོ་ནལ་ཁྲི་རམ་ཕུས། དམག་འཁྲུག་འདི་མཚམས་འཇོག་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ཕུ་ཀྲན་ཡིན་པ་འདོད་ཀྱི་ཡོད་པ་དང་། ཕུ་ཀྲན་གྱིས་ཡང་ཡང་མགོ་སྐོར་གཏོང་བཞིན་པར་ཁོ་ཐང་ཆད་བཞིན་པ་བཤད།

•. ཉེ་དུས་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་སའི་གློག་ཁང་དག་ལ་གཏོར་རྒོལ་གྱིས། གྲོང་ཁྱེར་གྱི་ཆ་ཤས་ཆེན་པོ་ཞིག་གི་གློག་བཅད་ཟིན་པ་ལྟར། ད་ལྟ་སྡོད་ཁང་གྲངས་ 588,000 ལ་གློག་བསྐྱར་གསོ་ཐུབ་ཟིན་པ་དང་། ད་དུང་ཡང་ཁྱིམ་ཚང་ཁྲི་ 6 ཡས་མས་ལ་གློག་མེད་པར་གྱུར་ཡོད་པ་བཤད་ཅིང་། གྲོང་ཁྱེར་གྱི་ཆ་ཤས་ངེས་ཅན་ཞིག་ཏུ་གློག་བསྐྱར་གསོ་མ་ཐུབ་པ་བསྒྲགས།

•. ཁ་སང་རཱ་དམག་གིས། ཡུ་ཁུ་རན་གྱི་ནུབ་ཕྱོགས་ས་ཁུལ་ལི་ཝེ་ཝི་ལ་འཕུར་མདས་གཏོར་རྒོལ་སྐབས། ཨོར་ཤི་ནེ་ཁི་འཕུར་མདའ་སྤྱད་ཟིན་པ་ལྟར། འདིའི་རྗེས་སུ་ཡུ་ཁུ་རན་གྱིས་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ལ། ཛ་དྲག་ཚོགས་འདུ་ཚོགས་རྒྱུའི་འབོད་སྐུལ་ཞུས། དེ་བཞིན་ནུབ་ཆིངས་དང་། ཡུ་རོབ་ལའང་འདིའི་ཐད་ཚོགས་འདུ་ཚོགས་རྒྱུའི་འབོད་སྐུལ་ཞུས། ཐེངས་འདིར་ཅི་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ་མི་གསལ་ནའང་། འདི་ནི་ཡུ་ཁུ་རན་གྱིས་ཕུ་ཀྲན་གྱི་སྡོད་གནས་ལ་གཏོར་རྒོལ་བྱས་པའི་ལན་ཞིག་ཡིན་པ་རཱ་ཤི་ཡས་བསྒྲགས།

•. དབྱིན་ཇིའི་ཀྲེ་ལེ་གྷི་ར་ཧྥི་གསར་ཤོག་ལྟར་ན། ཨ་རི་དང་ཡུ་ཁུ་རན་བར་འཛུགས་སྐྲུན་དང་འབྲེལ། ཨ་སྒོར་ཐེར་འབུམ་ $800 འགྲོ་གྲོན་གཏོང་རྒྱུའི་ལས་འཆར་གྲོས་མཐུན་ཞིག་ལ་མིང་རྟགས་དགོད་རྒྱུ་ཡིན་པ་བཤད། ཡིག་ཆ་འདི་ལྟར་ན་དམག་འཁྲུག་གིས་གཏོར་ཟིན་པ་དག་བསྐྱར་གསོའི་ཆེད། འབྱུང་འགྱུར་ལོ་ 10 ཡི་རིང་མཉམ་ལས་བྱ་རྒྱུ་དང་། ཡིག་ཆ་འདིར་ཟླ་བ་འདིའི་ཚེས་ 19 དང་ 23 བར་སུད་སིར་མིང་རྟགས་དགོད་རྒྱུ་ཡིན་པ་གསལ། འབྱུང་འགྱུར་ཡུ་ཁུ་རན་དང་ཨ་རིའི་བར་རང་དབང་ཚོང་འབྲེལ་འཛུགས་རྒྱུར། ཛེ་ལན་སི་ཀེ་ཡིས་ཨ་རིར་བསམ་ཚུལ་བཏོན་ཟིན་པ་གསལ།

•. དབྱིན་ཇིའི་ཀྲེ་ལེ་གྷི་ར་ཧྥི་གསར་ཤོག་ལྟར་ན། དོན་དངོས་སུ་སྒྲོ་ནལ་ཁྲི་རམ་ཕུས། དམག་འཁྲུག་འདི་མཚམས་འཇོག་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ཕུ་ཀྲན་ཡིན་པ་འདོད་ཀྱི་ཡོད་པ་དང་། ཕུ་ཀྲན་གྱིས་ཡང་ཡང་མགོ་སྐོར་གཏོང་བཞིན་པར་ཁོ་ཐང་ཆད་བཞིན་པ་བཤད་ཅིང་། ད་ལྟ་ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་གྲིབ་གཟུགས་གྲུ་གཟིངས་དག་འཛིན་བཞིན་པ་དང་། གྲོས་ཚོགས་ཀྱིས་རཱ་ཤི་ཡའི་ཚོང་གྲོགས་དག་གི་སྟེང་ཉེས་ཆད་དགལ་རྒྱུར། སྒྲོ་ནལ་ཁྲི་རམ་ཕུས་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་སྟོན་བཞིན་པའི་རྒྱུ་མཚན་འདི་ཡིན་པ་བཤད།

•. དོན་དངོས་སུ་ཕུ་ཀྲན་གྱི་དམིགས་ཡུལ་ནི། ཡུ་ཁུ་རན་གྱི་ཆ་ཤས་ཤིག་མ་ཡིན་པར། ཡུ་ཁུ་རན་ཧྲིལ་བོ་འཛིན་རྒྱུ་དེ་ཡིན་པ་སྒྲོ་ནལ་ཁྲི་རམ་ཕུ་རང་གིས་དངོས་སུ་བཤད་ཟིན་ལ། ཁོས། ཕུ་ཀྲན་གྱི་མིག་ནང་དུ་ཡུ་ཁུ་རན་ནི་ཀུ་ཤུ་ཞིག་རེད་ཅེས་བཤད་ཟིན། ཉེ་དུས་ཕོ་བྲང་དཀར་པོའི་ལས་བྱེད་དབུ་ཁྲིད། ལྕམ་སུ་སེ་ཝེ་ལེ་སི་(Susie Wiles)ཡི་སྐད་ཆ་ཡིན་པར་བཤད་པའི་ཡིག་ཆ་ཞིག་ཕྱིར་ཤོར། དེའི་ནང་དུ་མོས། ཕུ་ཀྲན་ལ་དམག་འཁྲུག་མཚམས་འཇོག་འདོད་མེད་པ། སྲིད་འཛིན་གྱིས་ཡིད་ཆེས་བྱེད་བཞིན་འདུག་ཅེས་བཀོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག