Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་དུ་མི་ 500 ལས་མང་བ་བསད། 

ཨེ་རན་དུ་མི་ 500 ལས་མང་བ་བསད། 

Date:

ད་ལྟ་བར་ཨེ་རན་གྱི་ངོ་རྒོལ་གྱི་ཁྲོད་ཉུང་མཐར། ངོ་རྒོལ་བ་ 490 དང་བདེ་སྲུང་མི་སྣ་ 48 བསད་ཟིན་པ་གསལ་བོར་གྱུར་ཟིན་པ་བསྒྲགས། ད་དུང་མི་ 10,600 ལས་མང་བ་བཟུང་ཟིན་པའི་གནས་ཚུལ་ཐོན།

ཟླ་བ་སྔོན་མའི་ཚེས་ 28 ཉིན་ནས་ཨེ་རན་དུ་མི་དམངས་ཀྱིས། ཆོས་དཔོན་ཚོས་བཟུང་བའི་ད་ལྟའི་གཞུང་ལ་ངོ་རྒོལ་འགོ་བཙུགས་ཟིན་པ་ལྟར། ད་ལྟ་ངོ་རྒོལ་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་དང་ལྷན་གཞུང་གི་དྲག་གནོན་ཡང་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་ཚུལ་ཐོན། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ལྟར་ན། ད་ལྟ་བར་ངོ་རྒོལ་འདིའི་ཁྲོད་ཉུང་མཐར། ངོ་རྒོལ་བ་ 490 དང་བདེ་སྲུང་མི་སྣ་ 48 བསད་ཟིན་པ་གསལ་བོར་གྱུར་ཟིན་པ་བསྒྲགས། ད་དུང་མི་ 10,600 ལས་མང་བ་བཟུང་ཟིན་པའི་གནས་ཚུལ་ཐོན།

ཨེ་རན་གཞུང་གིས། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ནས། རྒྱལ་ནང་དུ་དྲྭ་རྒྱ་ཕལ་ཆེར་བཀག་པ་དེས་གནས་ཚུལ་དངོས་ཕྱི་ལ་ཐོན་རྒྱུ་ཚད་ཅན་དུ་བཟོས། ཡིན་ན་ཡང་། ངོ་རྒོལ་བ་ཚོས་ཨེ་ལོན་མ་སི་ཁིའི་སྐུད་མེད་དྲྭ་བ་སི་ཀྲར་ལིན་བེད་སྤྱོད་ཀྱིས། ངོ་རྒོལ་གྱི་བརྙན་སོགས་ཕྱིར་གཏོང་བཞིན་པའི་མཚམས། ད་ལྟ་ཨེ་རན་གཞུང་གིས་སི་ཀྲར་ལིན་ཡང་འགོག་རྒྱུར་འབད་པ་བྱེད་བཞིན་པ་དང་། ཁྱིམ་ཚང་དག་ཏུ་རྒྱུག་ནས་དྲྭ་རྒྱ་འདིའི་ཡོ་ཆས་འཕྲོག་བཞིན་པའི་གནས་ཚུལ་ཐོན།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གྱི་གཞུང་འཛིན་པ་ཚོས་ངོ་རྒོལ་བའི་སྟེང་མེ་མདའ་འཕངས་ཚེ། ང་ཚོས་ཁོ་ཚོའི་སྟེང་མེ་མདའ་འཕེན་རྒྱུ་ཡིན་ཞེས་བཤད་ཟིན་པ་ལྟར། ཝོལ་སི་ཀྲི་རི་ཀྲི་གསར་དེབ་ལྟར་ན། ཨ་རིས་ཨེ་རན་གྱི་སྟེང་དམག་དཔུང་གིས་གཏོར་རྒོལ་བྱ་རྒྱུ་དང་། གསང་བའི་དྲྭ་ཐོག་འཇབ་རྒོལ། དཔལ་འབྱོར་ཉེས་ཆད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་སོགས་གདམ་ཀའི་ཁྲོད་དུ་ཡོད་པ་བཤད། ཁ་སང་སྒྲོ་ནལ་ཁྲི་རམ་ཕུས། ཨ་རིའི་དམག་དཔུང་གིས་འདི་ལ་ལྟ་ཞིབ་བྱེད་བཞིན་ཡོད། ང་ཚོས་གདམ་ཀ་ཧ་ཅང་ཤུགས་ཆེན་ཞིག་གི་སྐོར་ལ་བསམ་བློ་གཏོང་གི་ཡོད་ཅེས་བཤད།

རོའུ་ཀྲར་གསར་ཤོག་ལ་ཨ་རིའི་ལས་བྱེད་ཅིག་གིས། སང་ཉིན་གཟའ་མིག་དམར་ཉིན། ཆེས་མཐོའི་སློབ་སྟོན་པ་དག་འཛོམས་རྒྱུ་དང་། ཨེ་རན་གྱི་སྐོར་ལ་ཅི་ཞིག་བྱ་རྒྱུའི་ཐད་གྲོས་བྱ་རྒྱུ་ཡིན་པ་བཤད། ཨེ་རན་གྱི་གྲོས་ཚོགས་ཚོགས་གཙོས། ཨ་རིས་རྩིས་ནོར་རྒྱག་མི་རུང་ཞེས་དང་། གལ་སྲིད་ཨ་རིའི་དམག་དཔུང་གིས་ཨེ་རན་གྱི་སྟེང་གཏོར་རྒོལ་བྱས་ཚེ། ཨེ་ཛི་རལ་དང་དཀྱིལ་ཤར་གྱི་མཚོ་དང་། དཀྱིལ་ཤར་གྱི་ས་ཆ་གཞན་དག་ཏུ་ཡོད་པའི་ཨ་རིའི་དམག་དོན་བསྟི་གནས་དག ཨེ་རན་གྱི་ཁྲིམས་མཐུན་གཏོར་རྒོལ་དམིགས་འབེན་དུ་འགྱུར་རྒྱུའི་ཉེན་བརྡ་བཏང་། ཨེ་ཛི་རལ་གྱིས། ཨ་རིས་ཨེ་རན་གྱི་སྟེང་གཏོར་རྒོལ་བྱ་སྲིད་པར་གྲ་སྒྲིག་བྱེད་བཞིན་པ། རྗུར་སི་ལམ་ཆ་འཕྲིན་སྟེང་གནས་ཚུལ་བཀོད།

ཨ་རིར་ཡོད་པའི་ཨེ་རན་གྱི་རྒྱལ་སྲས་ཀྱིས། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ངག་ཐོག་ནས་རྒྱབ་སྐྱོར་བྱས་པ་དེས། ཨེ་རན་མི་དམངས་ཀྱི་རང་དབང་འཐབ་རྩོད་ལ་ངར་ཤུགས་སྤྲད་ཡོད། ཨེ་རན་གཞུང་གིས་ཨ་རི་རྩ་རྫོགས་བྱ་རྒྱུའི་འབོད་སྒྲ་སྒྲོག་བཞིན་ནའང་། མི་དམངས་ཚོས་གྲོང་ཁྱེར་གྱི་སྲང་ལམ་ཚུན་གྱི་མིང་སྒྲོ་ནལ་ཁྲི་རམ་ཕུའི་མིང་འདོག་བཞིན་འདུག དེ་ནི་སྒྲོ་ནལ་ཁྲི་རམ་ཕུས། སྲིད་འཛིན་སྔོན་མ་ཨོ་བྷ་མ་སོགས་ལྟར་ཁོ་ཚོ་འདོར་རྒྱུ་མིན་པའི་ཡིད་ཆེས་བྱེད་བཞིན་པས་རེད་ཅེས། ཨེ་རན་མི་དམངས་ལ་རོགས་བྱ་དགོས་པ་སྒྲོ་ནལ་ཁྲི་རམ་ཕུ་ལ་འབོད་སྐུལ་དྲག་པོ་ཞུས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།