Homeརྒྱལ་སྤྱི།ཁེ་ན་ཀྲའི་སྲིད་བློན་རྒྱ་ནག་ཏུ་སླེབས། 

ཁེ་ན་ཀྲའི་སྲིད་བློན་རྒྱ་ནག་ཏུ་སླེབས། 

Date:

གཟའ་མིག་དམར་ཉིན། ཁེ་ན་ཀྲའི་སྲིད་བློན་མར་ཁི་ཀར་ནེ་རྒྱ་ནག་ཏུ་ལམ་ལ་ཆས། འདི་ནི་ཕྱི་ལོ་ 2017 ལོ་ནས་ཁེ་ན་ཀྲའི་སྲིད་བློན་ཞིག་རྒྱ་ནག་ཏུ་ཕྱིན་པ་ཐེངས་དང་པོ་དེ་འགྱུར་རྒྱུ་དང་།

གཟའ་མིག་དམར་ཉིན། ཁེ་ན་ཀྲའི་སྲིད་བློན་མར་ཁི་ཀར་ནེ་རྒྱ་ནག་ཏུ་ལམ་ལ་ཆས། འདི་ནི་ཕྱི་ལོ་ 2017 ལོ་ནས་ཁེ་ན་ཀྲའི་སྲིད་བློན་ཞིག་རྒྱ་ནག་ཏུ་ཕྱིན་པ་ཐེངས་དང་པོ་དེ་འགྱུར་རྒྱུ་དང་། ཁོ་དང་ཞེ་ཅེན་ཕིན་གཉིས་ལོ་སྔོན་མའི་ཕྱི་ཟླ་ 10 ནང་ལྷོ་ཀོ་རེ་ཡར་ཐུག སྐབས་དེར་ཁོ་རྒྱ་ནག་ཏུ་མགྲོན་འབོད་ཞུས་པར་ཡོང་རྒྱུ་ཡིན་པ་ཁས་བླངས། ཕྱི་ལོ་ 2018 ལོར་ཁེ་ན་ཀྲའི་གཞུང་གིས། རྒྱ་ནག་གི་འཕྲུལ་རིག་ཁེ་གཉེར་ཧུ་ཝེ་(华为)ཡི་སྤྱི་གཉེར་གཞོན་པ། མེན་ཝན་ཀྲུ་ཞེས་པའི་བུད་མེད་དེ་བཟུང་རྗེས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཉམ་རྒུད་ཆེན་པོ་བྱུང་།

ཡིན་ན་ཡང་། ལོ་འདིར་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། ཁོས་ཁེ་ན་ཀྲ་དེ་ད་ལྟ་བར་ཨ་རིའི་བདེ་སྲུང་དང་། དཔལ་འབྱོར་ལ་བརྟེན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་མཚམས་ཤིག་དགོས་དོན་མེད་པར། རྒྱལ་ཁབ་འདི་ཨ་རིའི་མངའ་སྡེ་ཞིག་ཏུ་བསྒྱུར་ན་ཡག་པོ་ཡོད་ཚུལ་བཤད་ཅིང་། ལྷག་པར་ཁེ་ན་ཀྲའི་ཚོང་ཟོག་སྟེང་སྒོ་ཁྲལ་ཤུགས་ཆེན་བཀལ་རྐྱེན། དཔལ་འབྱོར་དང་བདེ་སྲུང་གཉིས་ཐད་ནས། ཁེ་ན་ཀྲ་དང་ཨ་རིའི་འབྲེལ་བ་ཐག་རིང་དུ་ཕྱིན་ཅིང་། བདེ་སྲུང་དང་དཔལ་འབྱོར་གྱི་ཐད་ནས་ཁེ་ན་ཀྲས་ཡུ་རོབ་དང་། རྒྱལ་ཁབ་གཞན་དང་ལྷན་འབྲེལ་ཐག་ཉེ་རུ་གཏོང་དགོས་གྱུར།

ཐེངས་འདིར་མར་ཁི་ཀར་ནེ་རྒྱ་ནག་ཏུ་ཕྱིན་པ་འདིས། སྒྲོ་ནལ་ཁྲི་རམ་ཕུ་ལ་ཁོང་ཁྲོ་སློང་སྲིད་ཀྱང་། ཁེ་ན་ཀྲའི་ངོས་ནས་ཁེ་གྱོང་ལ་རྩིས་བརྒྱབས་ཟིན་འདུག་པ་དབྱེ་ཞིབ་ཅིག་གིས་བཤད་ཅིང་། ད་ལྟ་ཁེ་ན་ཀྲའི་རྡོ་སྣུམ་བརྒྱ་ཆ་ 90% ཨ་རིར་འཚོང་བཞིན་ནའང་། ཨ་རིས་འབྱུང་འགྱུར་ཝེ་ནེ་ཛོ་ལ་ནས་རྡོ་སྣུམ་ཉོ་ཐབས་བྱེད་བཞིན་པས། ཁེ་ན་ཀྲའི་རྡོ་སྣུམ་ཉོ་ཚད་མར་ཆག་རྒྱུ་ཡིན་པ་ཁེ་ན་ཀྲས་སྔོན་དཔག་བྱེད་བཞིན་པ་གསལ། ཕྱི་ལོ་ 2024 ལོར་ཁེ་ན་ཀྲས་རྒྱ་ནག་གི་གློག་རྫས་རླངས་འཁོར་དག་གི་སྟེང་སྒོ་ཁྲལ་བཀལ།

དེའི་ལན་དུ་ལོ་སྔོན་མའི་ཕྱི་ཟླ་ 8 ནང་རྒྱ་ནག་གིས། ཁེ་ན་ཀྲའི་ཡུངས་སྣུམ་(Canola)གྱི་སྟེང་ཞིབ་འཇུག་འགོ་བཙུགས། ཡུངས་སྣུམ་གྱི་སྟེང་རྒྱ་ནག་གིས་སྒོ་ཁྲལ་བཀལ་ཅིང་། དེས་ཁེ་ན་ཀྲའི་ཡུངས་སྣུམ་རྒྱ་ནག་ཏུ་འདྲེན་རྒྱུར་ཕལ་ཆེར་ཡོངས་སུ་བཀག་ཟིན་པ་ཞིག་ཏུ་གྱུར། འདིའི་སྔོན་དུ་ཁེ་ན་ཀྲའི་ཡུངས་སྣུམ་ཉོ་མཁན་ཆེ་ཤོས་དེ་རྒྱ་ནག་ཡིན་པ་གསལ། ཐེངས་འདིར་རྒྱལ་ཁབ་གཉིས་བར་ཐག་གཅོད་ཆེན་པོ་ཞིག་བྱ་རྒྱུར་ཚོད་དཔག་བྱེད་ཀྱི་མེད་ཀྱང་། ཚོང་འབྲེལ་གྱི་ཐད་ནས་ཕན་ཚུན་བར་ཡིད་ཆེས་སྐྲུན་རྒྱུ་དེ་དམིགས་ཡུལ་གཙོ་བོར་བཟུང་ཡོད་པ་ཚོད་དཔག་བྱེད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་འཛིན་དོན་ནི། ཐབས་བྱུས་ཀྱི་ཆ་ནས་ཨ་མེ་རི་ཀའི་གླིང་ནས་རྒྱ་ནག་དང་རཱ་ཤི་ཡ། ཨེ་རན་སོགས་ཀྱི་ནུས་པ་དང་ཤུགས་རྐྱེན་ཕྱིར་ཕུད་ཆེད་ཡིན་པ་དབྱེ་ཞིབ་པ་ཚོས་ཤོད་བཞིན་པ་ལྟར། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འདིའི་ཐད། གནས་སྟངས་གང་འདྲ་ཞིག་ཏུ་གྱུར་ནའང་། ཀྲུང་གོའི་ངོས་ནས་མུ་མཐུད་དུ་ཝེ་ནེ་ཛོ་ལ་ཚུད་པའི་ལྷོ་དང་། དབུས་ཨ་མེ་རི་ཀའི་རྒྱལ་ཁབ་དག་དང་ལྷན། ཐུན་མོང་གི་ཡར་རྒྱས་ཆེད་མུ་མཐུད་དུ་མཉམ་ལས་བྱ་རྒྱུ་ཡིན་ཞེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག