Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཁ་སང་མཚོ་ནག་གི་ནང་དུ་གྷི་རེ་སིའི་སྟངས་འཛིན་འོག་ཡོད་པའི་གྲུ་གཟིངས་ 4 རཱ་ཤི་ཡའི་གྲུ་ཁ་ནས་ལམ་ལ་ཆས་པ་དང་། ངོས་འཛིན་མ་ཐུབ་པའི་སྒྲི་རོན་གྱིས་གཏོར་རྒོལ་ཐེབས།

•. མདང་དགོང་ཡུ་དམག་གིས། རཱ་ཤི་ཡའི་རོ་སི་ཏོ་ཝི་ས་ཁུལ་གྱི་བཟོ་གྲྭ་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས། བཟོ་གྲྭའི་ཉེ་འཁོར་གྱི་སྣུམ་མཛོད་ཀྱང་མེ་འབར། ཁ་སང་མཚོ་ནག་གི་ནང་དུ་གྷི་རེ་སིའི་སྟངས་འཛིན་འོག་ཡོད་པའི་གྲུ་གཟིངས་ 4 རཱ་ཤི་ཡའི་གྲུ་ཁ་ནས་ལམ་ལ་ཆས་པ་དང་། ངོས་འཛིན་མ་ཐུབ་པའི་སྒྲི་རོན་གྱིས་གཏོར་རྒོལ་ཐེབས། གྲུ་གཟིངས་སྟེང་གི་མི་ལ་ཤི་རྨས་མ་བྱུང་ཞིང་། གྲུ་གཟིངས་ལ་གཏོར་སྐྱོན་ཅུང་ཐེབས་ཟིན་པའི་གནས་ཚུལ་ཐོན། རཱ་ཤི་ཡས། འདི་ནི་ཡུ་ཁུ་རན་གྱིས་གཏོར་རྒོལ་བྱས་ཡིན་པ་བཤད། ཡུ་ཁུ་རན་གྱིས་ཁོ་ཚོ་ཡིན་མིན་གང་ཡང་མ་བཤད།

•. ཡུ་ཁུ་རན་གྱི་ལྐོག་ཟར་ཞིབ་འཇུག་བྱེད་མཁན་ཚོགས་པ། ནཱ་བྷུ་ཡིས་སྲིད་འཛིན་ཛེ་ལན་སི་ཀེའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད། སྒྲ་ཝེ་སྒྲི་ཨ་ར་ཁ་མེ་ཡ་(David Arakhamia)ཞེས་པའི་སྡོད་ཤོག་ཏུ་སྔོག་བཤེར་དང་། ཡུ་ཁུ་རན་གྱི་སྲིད་བློན་ཟུར་བ་བུད་མེད་ཡུ་ལེ་ཡ་ ཏེ་མོ་ཤན་ཁོ་(Yulia Timoshenko)ལ་ཞིབ་འཇུག་བྱེད་བཞིན་པའི་གནས་ཚུལ་ཐོན་ཅིང་། མི་འདི་གཉིས་ཀྱིས་གྲོས་འཐུས་ཚོར་ལྐོག་རྔན་སྤྲད་ཟིན་པའི་དོགས་པ་བྱེད་བཞིན་པ་གསལ། ཉེ་དུས་ཡུ་ཁུ་རན་དུ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་ཕྱིར་བཏོན་ཅིང་། དེས་ཆེས་མཐོའི་ཆབ་སྲིད་པའི་ཁྲོད་གཡོ་འཁྱོམ་ཆེན་པོ་ཐེབས་སུ་བཅུག

•. ཟླ་བ་འདིའི་ཚེས་ 18 ཉིན་ནས་ཉིན་ 5 ཡི་རིང་སུད་སི་རྒྱལ་ཁབ་ཀྱི་སྒྲ་ཝོ་སི་གྲོང་བརྡལ་དུ། ད་ལོའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་ཆེན་དེ་ཚོགས་རྒྱུ་དང་། འདིའི་སྟེང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་གཙོས། འཛམ་གླིང་གི་དབུ་ཁྲིད་ཉུང་མཐར་ 64 ཞུགས་རྒྱུ་ཡིན་པ་སྔོན་དཔག་བྱེད། སྐབས་དེར་ཡུ་རོབ་ཀྱི་དབུ་ཁྲིད་ཚོས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཨ་རིས་ཡུ་ཁུ་རན་ལ་བདེ་སྲུང་ཁག་ཐེག་སྤྲོད་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་འཆར་ཡོད་པ། དབྱིན་ཇིའི་ནོར་སྲིད་དུས་བབ་སྟེང་གནས་ཚུལ་བཀོད། སྐབས་དེར་ཛེ་ལན་སི་ཀེའང་དེར་ཡོང་རྒྱུ་ཡིན་པ་གསལ།

•. ད་ལྟ་ཨ་རི་དང་ཡུ་ཁུ་རན་གཉིས་བར། མུ་མཐུད་དུ་དམག་འཁྲུག་མཚམས་འཇོག་ཐབས་དང་འབྲེལ། གྲོས་མོལ་བྱེད་བཞིན་པ་དང་ཨ་རིའི་ལས་བྱེད་ཚོ་དང་། ཡུ་ཁུ་རན་ལྟར་ན་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོན་བཞིན་པ་བཤད། བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་དང་། ཁུ་ཤི་ནེ་གཉིས་མགྱོགས་པོར་རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོར་འགྲོ་རྒྱུ་དང་། སྲིད་འཛིན་ཕུ་ཀྲན་དང་ལྷན་ཐུག་རྒྱུའི་དུས་ཚོད་བཟོ་ཐབས་བྱེད་བཞིན་པའི་གནས་ཚུལ་བཀོད།

•. ཡུ་རོབ་མཉམ་འབྲེལ་གྱི་ཕྱི་འབྲེལ་དབུ་ཁྲིད་ལྕམ་ཁཱ་ཅ་ཁ་ལ་སི་ཡིས། རཱ་ཤི་ཡའི་སྟེང་འགེལ་རྒྱུའི་ཡུ་རོབ་ཀྱི་ཉེས་ཆད། ཐེངས་ཉི་ཤུ་བ་ཅི་ཞིག་དགལ་རྒྱུ་ཟླ་བ་རྗེས་མར་ཐག་གཅོད་རྒྱུ་ཡིན་པ་བསྒྲགས། ནུབ་ཆིངས་དྲུང་ཆེ་མར་ཀི་རུ་ཀྲད་ཀྱིས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ། ཁོ་ཚོ་གཅིག་བུས་ལག་འགུལ་མི་སྲིད་པ་དང་། རྒྱ་ནག་གིས་ཕུ་ཀྲན་ལ་ཡུ་རོབ་ལ་དམག་འཁྲུག་སློང་རྒྱུར་བཙན་སྐུལ་བྱ་རྒྱུ་ཡིན་པས། ང་ཚོས་ངེས་པར་དུ་དེ་ལ་གྲ་སྒྲིག་བྱ་དགོས་ཞེས་བཤད། ད་དུང་ཁོས། ང་ཚོའི་བདེ་སྲུང་གི་ཁུར་བོ་དེ་ཨ་རིས་འཁུར་རྒྱུར་ཡིད་ཆེས་བྱེད་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད་ཅེས་བསྒྲགས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།