Homeརྒྱལ་སྤྱི།རྒྱ་ནག་དང་ཁེ་ན་ཀྲིའི་བར་ཚོང་འབྲེལ་གྲོས་མཐུན།

རྒྱ་ནག་དང་ཁེ་ན་ཀྲིའི་བར་ཚོང་འབྲེལ་གྲོས་མཐུན།

Date:

རྒྱ་ནག་གིས་ཁེ་ན་ཀྲའི་ཞིང་ལས་ཐོན་རྫས། ཡུངས་སྣུམ་གྱི་སྟེང་ནས་སྒོ་ཁྲལ་བརྒྱ་ཆ་ 85% ནས་བརྒྱ་ཆ་ 15% བར་བསྙུང་རྒྱུ་དང་། ཁེ་ན་ཀྲའི་ངོས་ནས་རྒྱ་ནག་གི་གློག་རྫས་རླངས་འཁོར་ཀྱི་སྟེང་ནས། སྒོ་ཁྲལ་བརྒྱ་ཆ་ 100% ནས་བརྒྱ་ཆ་ 6.1% བར་བསྙུང་རྒྱུར་མོས་མཐུན་བྱས།

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན། ཁེ་ན་ཀྲའི་སྲིད་བློན་མར་ཁི་ཀར་ནེ་རྒྱ་ནག་ཏུ་ལམ་ལ་ཆས་ཤིང་། ཁོ་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕིན་གཉིས་ཐུག འདི་ནི་ཕྱི་ལོ་ 2017 ལོ་ནས་ཁེ་ན་ཀྲའི་སྲིད་བློན་ཞིག་རྒྱ་ནག་ཏུ་ཕྱིན་པ་ཐེངས་དང་པོ་དེ་གྱུར། ཁོ་དང་ཞེ་ཅེན་ཕིན་གཉིས་ལོ་སྔོན་མའི་ཕྱི་ཟླ་ 10 ནང་ལྷོ་ཀོ་རེ་ཡར་ཐུག་པ་དེ་ཁོ་གཉིས་ཐུག་པ་ཐོག་མ་དེ་གྱུར། ཐེངས་འདིར་རྒྱ་ནག་དང་ཁེ་ན་ཀྲའི་བར་ཚོང་དོན་གྲོས་མཐུན་ཆེན་པོ་ཞིག་འཇོག་ཐུབ་པ་ནི། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་སྟེང་བཀལ་བའི་སྒོ་ཁྲལ་བསྙུང་རྒྱུ་གྲོས་མཐུན་ཟིན་པ་དེ་ཡིན་པ་བསྒྲགས།

དེ་ལྟར་ན་ད་ལོའི་ཕྱི་ཟླ་ 3 ཚེས་ 1 ཉིན་ནས། རྒྱ་ནག་གིས་ཁེ་ན་ཀྲའི་ཞིང་ལས་ཐོན་རྫས། ཡུངས་སྣུམ་གྱི་སྟེང་ནས་སྒོ་ཁྲལ་བརྒྱ་ཆ་ 85% ནས་བརྒྱ་ཆ་ 15% བར་བསྙུང་རྒྱུ་དང་། ཁེ་ན་ཀྲའི་ངོས་ནས་རྒྱ་ནག་གི་གློག་རྫས་རླངས་འཁོར་གྲངས་ 49,000 ཡི་སྟེང་ནས། སྒོ་ཁྲལ་བརྒྱ་ཆ་ 100% ནས་བརྒྱ་ཆ་ 6.1% བར་བསྙུང་རྒྱུར་མོས་མཐུན་བྱས་ཟིན་པའི་གནས་ཚུལ་ཐོན། འདི་ནི་ཕྱོགས་གཉིས་ཀར་རྒྱལ་ཁ་ཞིག་ཡིན་པ་བསྒྲགས་ཤིང་། དེ་བཞིན་རྒྱ་ནག་གིས་ཁེ་ན་ཀྲའི་རྒྱལ་ནང་དུ་མ་རྐང་འཇོག་རྒྱུར་ཤུགས་ཆེ་རུ་འགྲོ་སྲིད་པ་བཤད།

ཕྱི་ལོ་ 2024 ལོར་ཨ་རིའི་སྲིད་འཛིན་བྷ་ཀྲན་གྱིས་རྒྱ་ནག་གི་རླངས་འཁོར་སྟེང་སྒོ་ཁྲལ་བཀལ་རྗེས། ཁེ་ན་ཀྲས་ཀྱང་རྒྱ་ནག་གི་གློག་རྫས་རླངས་འཁོར་སྟེང་སྒོ་ཁྲལ་བརྒྱ་ཆ་ 100% བཀལ། དེའི་ལན་དུ་རྒྱ་ནག་གིས་ཁེ་ན་ཀྲའི་ཞིང་ལས་ཐོན་རྫས་ཨ་སྒོར་ཐེར་འབུམ་ $2 ཀྱི་རིན་ཐང་སྟེང་སྒོ་ཁྲལ་བཀལ། ཨ་རི་ཕུད་རྒྱ་ནག་ནི་ཁེ་ན་ཀྲའི་ཚོང་གྲོགས་ཆེ་ཤོས་གཉིས་པ་དེ་ཡིན་པ་གསལ། ཡིན་ན་ཡང་། ཐེངས་འདིར་ཁེ་ན་ཀྲའི་སྲིད་བློན་གྱིས། རྒྱ་ནག་དང་ཁེ་ན་ཀྲའི་བར་གནད་དོན་ཚང་མའི་ཐད་མཐུན་གྱི་མེད། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་གཞན་གྱི་འོས་བསྡུའི་ཁྲོད་ཐེ་བྱུས་བྱེད་རྒྱུ་སོགས་ཀྱི་ཐད་ནས། ཁེ་ན་ཀྲའི་ལངས་ཕྱོགས་གང་ཡིན་པ་ཐེངས་འདིར་གསལ་བོར་བཟོས་ཡོད་ཅེས་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།