Homeརྒྱལ་སྤྱི།དཀྱིལ་ཤར།གྷ་ཛ་ས་ཁུལ་གྱི་འཛུགས་སྐྲུན།

གྷ་ཛ་ས་ཁུལ་གྱི་འཛུགས་སྐྲུན།

Date:

སུད་སིར་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་བུ་མོའི་ཁྱོ་ག་དང་། ཁོའི་དམིགས་བསལ་སྐུ་ཚབ་ཁུ་ཤི་ནེ་ཡིས། འབྱུང་འགྱུར་གྷ་ཛ་ས་ཁུལ་དུ་འཛུགས་སྐྲུན་བྱེད་ཕྱོགས་དང་འབྲེལ་བའི་འཆར་གཞི་ཞིག་ཕྱིར་བསྒྲགས།

སུད་སིར་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་བུ་མོའི་ཁྱོ་ག་དང་། ཁོའི་དམིགས་བསལ་སྐུ་ཚབ་ཁུ་ཤི་ནེ་ཡིས། འབྱུང་འགྱུར་གྷ་ཛ་ས་ཁུལ་དུ་འཛུགས་སྐྲུན་བྱེད་ཕྱོགས་དང་འབྲེལ་བའི་འཆར་གཞི་ཞིག་ཕྱིར་བསྒྲགས་ཤིང་། དེ་དང་མཐུན་པའི་འཆར་གཞིའི་པར་རིས་སོགས་བསྟན། དེའི་ཁྲོད་འབྱུང་འགྱུར་གྷ་ཛ་ས་ཁུལ་དུ་གནས་ཚུལ་བསྟི་གནས་དང་། མཚོ་འགྲམ་རྒྱས་སྤྲོ་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ་བཅས་ཚུད།ཡིན་ན་ཡང་། གལ་སྲིད་ཧཱ་མ་སི་དྲག་དཔུང་གིས་གོ་ལག་ཐང་ལ་མ་བཞག་ཚེ། གོང་གི་འཆར་གཞི་འདི་དག་ལག་བསྟར་བྱེད་མི་ཐུབ་པ་བཤད།

ཁ་སང་ཡང་བསྐྱར་སྒྲོ་ནལ་ཁྲི་རམ་ཕུས། སྐྱེ་མ་ཐག་པ་ནས་ལག་ཏུ་མེ་མདའ་བཟུང་ཡོད་པའི་ཧཱ་མ་སི་དྲག་དཔུང་གིས་གོ་ལག་ཐང་ལ་མ་བཞག་ཚེ་ཁོ་ཚོ་ཡོངས་སུ་རྩ་མེད་བཟོ་རྒྱུ་ཞེས་ཉེན་བརྡ་བཏང་། ཨ་རབ་ཀྱི་གསར་ཁང་ཞིག་(Sky News Arabia)ལྟར་ན། ཁཱ་ཀྲར་དང་ཏུར་ཀེ་སོགས་ཀྱི་བར་འདུམ་བརྒྱུད། ཧཱ་མ་སི་དྲག་དཔུང་གིས་གོ་ལག་ཐང་ལ་འཇོག་རྒྱུའི་ཐད། ཨ་རི་དང་ཧཱ་མ་སིའི་བར་ཧཱ་མ་སིས་གོ་ལག་ཐང་ལ་འཇོག་རྒྱུ་དང་། ཧཱ་མ་སི་སྔར་བཞིན་ཆབ་སྲིད་ཚོགས་པ་ཞིག་གི་ངོ་བོར་གནས་ཆོག་རྒྱུ། ཧཱ་མ་སིའི་དམག་དཔོན་དག་བདེ་འཇགས་ངང་གྷ་ཛ་ས་ཁུལ་ནས་འགྲོ་རུ་འཇུག་རྒྱུའི་ཐད་གྲོས་མཐུན་ཞིག་བྱུང་ཟིན་པ་བཤད།

ཉེ་དུས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་ཨ་རིའི་གཏོར་རྒོལ་གྲུ་གཟིངས་རུ་ཁག་(aircraft carrier Lincoln)དཀྱིལ་ཤར་གྱི་ཕྱོགས་སུ་ལམ་ལ་ཆས་ཟིན་པ་དང་། དེ་བཞིན་ཨ་རིའི་གནམ་སྲུང་མ་ལག་(THAAD)སོགས་དཀྱིལ་ཤར་དུ་གཏོང་བཞིན་པ། ཝོལ་སི་ཀྲི་རི་ཀྲི་གསར་དེབ་སྟེང་གནས་ཚུལ་བཀོད་ཟིན་པ་ལྟར། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་ཨེ་རན་གྱི་ཕྱོགས་སུ་དམག་གྲུ་ཕོན་ཆེན་འགྲོ་བཞིན་ཡོད། ད་ལྟ་གནས་ཚུལ་གང་ཡང་འབྱུང་བཞིན་པ་མཐོང་གི་མི་འདུག ཡིན་ན་ཡང་། ང་ཚོས་ཨེ་རན་ལ་ཐག་ཉེ་ནས་ལྟ་བཞིན་ཡོད་ཅེས་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།