Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རིའི་དམག་དོན་ཐབས་བྱུས་ལ་འགྱུར་བ།

ཨ་རིའི་དམག་དོན་ཐབས་བྱུས་ལ་འགྱུར་བ།

Date:

ཨ་རིའི་ངོས་ནས་རང་གི་མངའ་ཁོངས་སྲུང་སྐྱོབ་དང་། ནུབ་ཕྱོགས་རྒྱ་མཚོ་དང་སྐམ་སའི་(Western Hemisphere)བདེ་འཇགས་གཙོ་བོ་འཛིན་རྒྱུ་དང་། ཡུ་ཁུ་རན་གྱི་གནད་དོན་ཡུ་རོབ་ཀྱིས་གཙོ་བོ་འགན་འཁུར་དགོས་པ་བཀོད།

ཨ་རིའི་དམག་དོན་བསྟི་གནས་ཕན་ཀྲ་གྷོན་གྱིས། རྒྱལ་སྲུང་ཐབས་བྱུས་དང་འབྲེལ་བའི་ཡིག་ཆ་གསར་བ་ཞིག་ཕྱིར་བཀྲམས། ཡིག་ཆ་དེ་ལྟར་ན། ཡུ་ཁུ་རན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་གཙོ་བོ་ཡུ་རོབ་ཀྱི་འགན་ཡིན་པ་དང་། ཨ་རིའི་ངོས་ནས་རང་གི་མངའ་ཁོངས་སྲུང་སྐྱོབ་དང་། ནུབ་ཕྱོགས་རྒྱ་མཚོ་དང་སྐམ་སའི་(Western Hemisphere)བདེ་འཇགས་གཙོ་བོ་འཛིན་རྒྱུ་ཡིན་པ་བྲིས། དེའི་ཁྲོད་གྷི་རེན་ལན་ཀྲི་གླིང་ཕྲན་དང་། པཱ་ན་མ་ཆུ་ཡུར། མེག་སེ་ཀོའི་མཚོ་འགྲམ་སོགས་ལ་དོ་སྣང་བྱ་རྒྱུ་ཡིན་པ་འཁོད།

•. ཡིག་ཆ་འདིའི་ནང་དུ། རཱ་ཤི་ཡ་ནི་ཉེན་ཁ་ཅན་ཞིག་དང་ཕུགས་རྒྱང་གི་ཆ་ནས་ནིབ་ཆིངས་ཀྱི་དཀའ་ངལ་ཞིག་ཡིན་ནའང་། རཱ་ཤི་ཡར་དཔལ་འབྱོར་དང་མི་གྲངས་གཉིས་ཀྱི་དཀའ་ངལ་ཡོད་པས། འདུལ་མི་ཐུབ་པའི་དགྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་བཀོད། ཨ་རིའི་རྒྱལ་སྲུང་ཐབས་བྱུས་ཡིག་ཆ་སྔོན་མ་དག་གི་ནང་དུ། རྒྱ་ནག་དེ་ཨ་རིར་ཉེན་ཁ་བཟོ་མཁན་གཙོ་བོར་ངོས་འཛིན་གྱི་ཚིག་དངོས་སུ་བཀོད་ཡོད་ཀྱང་།ཡིག་ཆ་གསར་བ་འདིའི་ནང་དུ་ཚིག་འདི་ཆེད་དུ་ཕྱིར་འཐེན་ཟིན་པ་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནད་དོན་ཐད་མུ་མཐུད་དུ་ཡུལ་འདིར་བདེ་སྲུང་ནུས་པ་ཆེ་རུ་དང་། ཕྱི་འབྲེལ་གྱི་ལམ་ནས་གནས་ཚུལ་ལ་སྟངས་འཛིན་བྱ་རྒྱུ་གཙོ་བོ་འཛིན་རྒྱུ་ཡིན་པ་བཀོད།

•. དེ་ལྟར་ན་འདི་ནི་ཨ་རིའི་རྒྱལ་སྲུང་ཐབས་བྱུས་ལ་འགྱུར་བ་ཆེན་པོ་ཕྱིན་པ་ཞིག་སྟེ། དང་པོ་ཡུ་རོབ་ཀྱི་དཀའ་ངལ་དེ་ཨ་རིའི་གནད་དོན་གཙོ་བོ་མིན་པར་ངོས་འཛིན་དང་། གཉིས་པ་རྒྱ་ནག་དེ་ཨ་རིར་ཉེན་ཁ་སྤྲོད་མཁན་ཆེ་ཤོས་ཡིན་པའི་ལངས་ཕྱོགས་དེ་ཟུར་དུ་བཞག་ཟིན་པ་ཞིག་རེད། དེ་དང་ལྷན་སྒྲེ་མག་རྒྱལ་ཁབ་ཀྱིས། གྷི་རེན་ལན་ཀྲིའི་སྟེང་དམག་མི་མང་དུ་གཏོང་བཞིན་པ་དང་། དེར་ཡོད་པའི་དམག་མི་ཚོར་གཡུལ་འགྱེད་དངོས་ལ་གྲ་སྒྲིག་བྱ་དགོས་པའི་བཀའ་བཏང་ཟིན་པའི་གནས་ཚུལ་ཐོན། ཉེ་དུས་གླིང་ཕྲན་འདི་དང་འབྲེལ་ཨ་རིའི་སྲིད་འཛིན་དང་། ནུབ་ཆིངས་དྲུང་ཆེ་བར་གྲོས་མཐུན་ཞིག་བྱུང་ཟིན་ནའང་། དེ་ནི་ངག་ཐོག་ནས་ཡིན་པ་ལས། དེ་དང་འབྲེལ་ཡིག་ཆ་སོགས་བཟོས་མེད་པའི་གནས་ཚུལ་ཐོན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག