Homeརྒྱལ་སྤྱི།ཨེ་ཤ་ཡ།ཨ་རིར་རྡུལ་མཚོན་གསང་གནས་སྤྲོད་ཀྱི་འདུག་ཅེས་བཤད།

ཨ་རིར་རྡུལ་མཚོན་གསང་གནས་སྤྲོད་ཀྱི་འདུག་ཅེས་བཤད།

Date:

རྒྱ་ནག་གི་ཆེས་མཐོའི་དམག་སྤྱི་ཀྲང་ཡོ་ཤ་(张又侠)ཡིས། རྡུལ་མཚོན་ལས་གཞི་དང་འབྲེལ་བའི་ཆེས་མཐོའི་གསང་གནས་ཨ་རིར་སྤྲོད་བཞིན་པ་དང་། དེའི་བདེན་དཔང་ཡིན་ཞེས། རྒྱ་ནག་རྒྱལ་ཡོངས་ཉིང་རྡུལ་ཚོགས་པའི་(中核集团)སྤྱི་ཁྱབ་སྟངས་འཛིན་པ་ཟུར་བས་ཡིག་ཆ་སོགས་སྤྲད་ཡོད་པ་བཤད།

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན། རྒྱ་ནག་བདེ་སྲུང་ལྷན་ཁང་གིས། རྒྱ་ནག་གི་ཆེས་མཐོའི་དམག་སྤྱི་ཀྲང་ཡོ་ཤ་(张又侠)ལ་ཞིབ་འཇུག་འགོ་བཙུགས་ཟིན་པ་བསྒྲགས་ཤིང་། དོགས་ཡོད་ནག་ཉེས་ནི་{ཁྲིམས་དང་ཀུན་སྤྱོད་ལ་འགལ་བའི་ལས་ཚབས་ཆེན་བརྩམས་}ཟིན་ཡོད་མེད་དེ་ཡིན་པར་བཤད་པ་ལས། ཞིབ་ཕྲའི་གནས་ཚུལ་ཕྱིར་མ་བསྒྲགས་ཤིང་། དེ་དང་ལྷན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཆེན་མོ། ལེའུ་ཀྲེན་ལི(刘振立)ཡང་ཞིབ་འཇུག་འོག་བཞག་ཟིན་པའི་གནས་ཚུལ་ཐོན།

མདང་དགོང་ཝོལ་ སི་ཀྲི་རི་ཀྲི་གསར་དེབ་ཀྱིས། གནས་ཚུལ་དངོས་ལ་རྒྱུས་མངའ་ཡོད་པའི་མིའི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། ཁོ་ལ་འཛུགས་བཞིན་པའི་ནག་ཉེས་དག་གི་ཁྲོད། ༡ རྒྱ་ནག་གི་རྡུལ་མཚོན་ལས་གཞི་དང་འབྲེལ་བའི་ཆེས་མཐོའི་གསང་གནས་ཨ་རིར་སྤྲོད་བཞིན་པ་དང་། ༢ ལས་བྱེད་ཀྱི་གནས་རིམ་སྤར་ཆེད་ལྐོག་རྔན་བླངས་པ་སོགས་ཚུད་ཡོད་པ་བཤད། དམག་སྤྱི་འདིས་ཨ་རི་ལ་རྒྱ་ནག་གི་རྡུལ་མཚོན་གསང་གནས་སྤྲོད་བཞིན་པའི་བདེན་དཔང་ཡིན་ཞེས། རྒྱ་ནག་རྒྱལ་ཡོངས་ཉིང་རྡུལ་ཚོགས་པའི་(中核集团)སྤྱི་ཁྱབ་སྟངས་འཛིན་པ་ཟུར་བ། ཀུ་ཅུན་ཞེས་པས་བདེན་དཔང་འགའ་སྤྲད་ཡོད་པ། གནས་ཚུལ་དངོས་ལ་རྒྱུས་མངའ་ཡོད་མཁན་གྱིས་བཤད།

ད་དུང་དམག་སྤྱི་འདིས་རྒྱ་ནག་དབུས་ཆེས་མཐོའི་དམག་དོན་ལྷན་ཁང་གི་ནང་དུ། རང་གི་མཐའ་འཁོར་དུ་དམག་དཔོན་གྱི་ཤོག་ཁག་ཅིག་སྒྲིག་བཞིན་པ་དང་། དམག་དོན་ལས་བྱེད་དག་གི་བར་འགལ་ཟླའི་ས་བོན་འདེབས་བཞིན་འདུག་ཅེས་ཞིབ་འཇུག་བྱེད་བཞིན་པ་བཤད། འདི་དང་འབྲེལ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཁྲོད་ཀྱི་འགལ་ཟླ་རྣོ་ངར་ཅན་དུ་གྱུར་ཅིང་། སྡུག་ས་ནས་དམག་དཔུང་འདིའི་ཁྲོད་ཚུད་སྲིད་པར། རྒྱ་ནག་གི་ཆེས་མཐོའི་ཆབ་སྲིད་དབུ་ཁྲིད་ཚོས་འཇིགས་སྣང་བྱེད་བཞིན་པ་དང་། འདི་ནི་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་ཛ་དྲག་ཆེ་ཤོས་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་བཞིན་པ་བཤད།

ཞིབ་བཤེར་འོག་བཞག་ཟིན་པའི་དམག་སྤྱི་ཀྲང་ཡོ་ཤ་ཞེས་པ་འདི་ནི། ཆབ་སྲིད་ཀྱི་ཆ་ནས་ཞེ་ཅེན་ཕིན་དང་ཐག་ཉེ་ཞིང་། ཕྱིའི་མཐོང་ཚུལ་ལ་དམག་སྤྱི་འདི་ནི་ཞེ་ཅེན་ཕིན་གྱི་ཆེས་ཡིད་ཆེས་བྱེད་ས་ཞིག་ལ་ངོས་འཛིན་བཞིན་ཡོད་པ་གསལ། ཐེ་ཝན་གཞུང་གིས། རྒྱུན་ལྡན་མ་ཡིན་པའི་རྒྱ་ནག་གི་དམག་དོན་ཁྲོད་ཀྱི་འགྱུར་བ་འདི་ལ་ཐག་ཉེ་ནས་ལྟ་ཞིབ་བྱེད་བཞིན་ཡོད་ཅེས་བཤད། དམག་འཁྲུག་དངོས་ཀྱི་ཉམས་མྱོང་ཡོད་མཁན་ཉུང་ངུ་ཞིག་ལས་མེད་ཅིང་། དེའི་ཁྲོད་ཀྱི་གཅིག་ཡིན་པའི་ཆེས་མཐོའི་དམག་སྤྱི་འདི་གློ་བུར་དུ་མེད་པ་བཟོས་པ་འདིས། རྒྱ་ནག་གི་དམག་དཔུང་དེང་རབས་ཅན་དུ་སྒྱུར་རྒྱུའི་འགྲོས་ལ། སྡུག་ཕྱོགས་ནས་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ཆེད་མཁས་པས་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།