Homeརྒྱལ་སྤྱི།ཨ་རིས་ལྷོ་ཀོ་རེ་ཡར་རྒྱབ་སྐྱོར་ཉུང་འཕྲི།

ཨ་རིས་ལྷོ་ཀོ་རེ་ཡར་རྒྱབ་སྐྱོར་ཉུང་འཕྲི།

Date:

བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་སྲུང་ཐབས་བྱུས་ཡིག་ཆ་གསར་བ་ཕྱིར་བཏོན་པའི་ནང་དུ། ཨ་རིས་ལྷོ་ཀོ་རེ་ཡའི་བདེ་སྲུང་ལ་རོགས་སྐྱོར་བྱ་རྒྱུ་དེ་ཚད་ཅན་དུ་བཟོ་རྒྱུ་ཡིན་པ་ཐག་བཅད་ཟིན་པ་གསལ།

བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་སྲུང་ཐབས་བྱུས་ཡིག་ཆ་གསར་བ་ཕྱིར་བཏོན་པའི་ནང་དུ། ཐབས་བྱུས་ཀྱི་ཆ་ནས་འབྱུང་འགྱུར་ཡུ་ཁུ་རན་དེ་གལ་ཆེ་ཤོས་སུ་བརྩི་རྒྱུ་མིན་པ་མ་ཟད། རྒྱ་ནག་ཀྱང་ཨ་རིའི་ཉེན་ཁ་གཙོ་བོར་ངོས་འཛིན་པའི་ཚིག་དེའང་ཕྱིར་འཐེནཟིན་ཅིང་། ཨ་རིས་གཙོ་བོ་ནུབ་ཀྱི་སྐམ་ས་དང་། རྒྱ་མཚོའི་བདེ་འཇགས་ཐད་དམིགས་པ་གཏོད་རྒྱུ་ཡིན་པ་བཀོད་ཡོད་པ་ལྟར། ཡིག་ཆ་གསར་བ་འདི་ནི་ཡུ་རོབ་དང་ཨེ་ཤ་ཡའི་ཨ་རིའི་མཐུན་གྲོགས་དག་ལ་ཉེན་བརྡ་ཞིག་དང་། རཱ་ཤི་ཡ་དང་རྒྱ་ནག་གཉིས་ལ་རྣམ་འགྱུར་ཡག་པོ་བསྟན་པོ་ཞིག་ཏུ་གྱུར།

ལྷག་པར་དུ་ཨེ་ཤ་ཡའི་ཁུལ་ནས། བྱང་ཀོ་རེ་ཡ་འགོག་རྒྱུའི་ལྕགས་ར་ངོ་མ་ནི་ལྷོ་ཀོ་རེ་ཡ་ཡིན་པ་ངོས་འཛིན་དང་། ཨ་རིས་ལྷོ་ཀོ་རེ་ཡའི་བདེ་སྲུང་ལ་རོགས་སྐྱོར་བྱ་རྒྱུ་དེ་ཚད་ཅན་དུ་བཟོ་རྒྱུ་ཡིན་པ་ཐག་བཅད་ཟིན་པ་གསལ། ཕྱི་ལོ་ 1953 ལོར་ལྷོ་བྱང་ཀོ་རེ་ཡའི་དམག་འཁྲུག་མཇུག་བསྡུས་རྗེས། ཨ་རི་དང་ལྷོ་ཀོ་རེ་ཡའི་བར་བདེ་སྲུང་མཉམ་ལས་ཀྱི་ཆིངས་ཡིག་བཞག་ཅིང་། རྒྱལ་ཁབ་གང་རུང་ལ་གཞན་གྱིས་ཚུར་རྒོལ་བྱས་ཚེ། ཕན་ཚུན་ལ་རོགས་སྐྱོར་བྱ་རྒྱུ་གྲོས་མཐུན། ད་ལྟ་ལྷོ་ཀོ་རེ་ཡར་ཨ་རིའི་དམག་མི་ 28,000 ཡོད་པ་དང་། ལྷོ་བྱང་ཀོ་རེ་ཡའི་རྒྱལ་མཚམས་ཀྱང་ཨ་རི་དང་ལྷོ་ཀོ་རེ་ཡ་མཉམ་འབྲེལ་གྱིས་སྲུང་ཡོད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།