Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རིའི་གསང་བའི་མཚོན་ཆ། 

ཨ་རིའི་གསང་བའི་མཚོན་ཆ། 

Date:

ཟླ་བ་འདིའི་ཚེས་ 3 ཉིན་ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་འཛིན་སྐབས། ཨ་རིའི་དམག་དཔུང་གིས་གསང་བའི་མཚོན་ཆ་ཞིག་བེད་སྤྱོད་བྱས་ཟིན་པའི་གནས་ཚུལ་སྔར་ནས་ཐོན་ཟིན་པ་ལྟར། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཐོག་མར་ནེའུ་ཡོག་ཆ་འཕྲིན་ལ་འདིའི་སྐོར་བཤད།

ཟླ་བ་འདིའི་ཚེས་ 3 ཉིན་ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་འཛིན་སྐབས། ཨ་རིའི་དམག་དཔུང་གིས་གསང་བའི་མཚོན་ཆ་ཞིག་བེད་སྤྱོད་བྱས་ཟིན་པའི་གནས་ཚུལ་སྔར་ནས་ཐོན་ཟིན་པ་ལྟར། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཐོག་མར་ནེའུ་ཡོག་ཆ་འཕྲིན་ལ་འདིའི་སྐོར་བཤད། ཁོས། མཚོན་ཆ་འདིའི་མིང་ལ་(DISCOMBOBULATOR ནང་དོན་ནི་མགོ་འཐོམ་བྱེད་བྱེད་ལྟ་བུ་ཞིག)ཞེས་ཡིན་པ་དང་། མཚོན་ཆ་འདིའི་སྐོར་ངས་བཤད་མི་ཆོག་ཅེས་བཤད།

ཁོས་མུ་མཐུད་དུ། ང་ཚོའི་དམག་དཔུང་གིས་ལག་མ་འགུལ་སྔོན་མཚོན་ཆ་འདིས། ཝེ་ནེ་ཛོ་ལའི་དམག་དཔུང་གི་ལག་ཏུ་ཡོད་པའི་རྒྱ་ནག་དང་། རཱ་ཤི་ཡའི་ཡར་ཐོན་མཚོན་ཆ་དག་འགུལ་རྒྱུ་མེད་པ་བཏང་ཟིན་པ་རེད་ཅེས་བཤད། སྒྲོ་ནལ་ཁྲི་རམ་ཕུ་ལྟར་ན། ཨ་རིའི་གསང་བའི་མཚོན་ཆ་འདིའི་རྐྱེན་པས། ཝེ་ནེ་ཛོ་ལའི་གནམ་སྲུང་མ་ལག་དག་ནུས་མེད་དུ་བཟོས་རྗེས།
ཨ་རིའི་དམག་དཔུང་གི་ཐད་འཕུར་གནམ་གྲུ་དག་ཝེ་ནེ་ཛོ་ལའི་རྒྱལ་སའི་ནང་དུ་འཛུལ་ཟིན་པ་བཤད།

འདིའི་ཐད་ཝེ་ནེ་ཛོ་ལའི་དམག་མི་ཞིག་གིས། གློ་བུར་དུ་ང་ཚོའི་གནམ་སྲུང་མ་ལག་དག་ནུས་མེད་དུ་གྱུར་སོང་། ཁོ་ཚོས་ཧ་ཅང་ནུས་པ་ཆེ་བའི་སྒྲ་རླབས་ལྟ་བུ་ཞིག་བཏང་སོང་། འདི་གང་འདྲ་ཞིག་ཡིན་པ་ངས་ཀྱང་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག ངའི་མགོ་གས་བཞིན་པ་ལྟ་བུའི་ཚོར་བ་ཞིག་སྤྲད་སོང་ཞེས་བཤད། སྐབས་དེའི་གནས་ཚུལ་དངོས་མཐོང་མཁན་གྱིས་བཤད་ན། དམག་མི་ཚོའི་ཁ་ནས་ཁྲག་སྐྱུག་ཅིང་སྣ་ནས་ཁྲག་ཐོན། ཐང་ལ་འགྱེལ་ནས་ཡར་ལངས་ཐུབ་ཀྱི་མི་འདུག་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག