Homeརྒྱལ་སྤྱི།རྒྱ་གར་དང་ཡུ་རོབ་ཀྱི་ཚོང་འབྲེལ། 

རྒྱ་གར་དང་ཡུ་རོབ་ཀྱི་ཚོང་འབྲེལ། 

Date:

རྒྱ་གར་གྱིས་ཡུ་རོབ་ཀྱི་རླངས་འཁོར་དག་གི་སྟེང་ནས་སྒོ་ཁྲལ་བརྒྱ་ཆ་ 40% དེ་མ་ཐག་ཕྱིར་འཐེན་རྒྱུ་དང་། བརྒྱ་ཆ་ 10% རྗེས་སུ་ཕྱིར་འཐེན་རྒྱུ་ཡིན་པ་བཤད། འདིའི་ཁྲོད་མཇར་མན་དང་ཧྥ་རན་སིའི་རླངས་འཁོར་འགའ་ཚུད།

ཡུ་རོབ་དང་རྒྱ་གར་གྱི་བར་ཚོགས་འདུ་ཐེངས་བཅུ་དྲུག་པ་དེ་བདུན་ཕྲག་འདིར་ཚོགས་བཞིན་པ་དང་། འདིའི་ཆེད་ཡུ་རོབ་མཉམ་འབྲེལ་གྱི་དབུ་ཁྲིད་ལྕམ་ཝོན་སྒྲེར་ལེ་ཡན་རྒྱ་གར་དུ་སླེབས། ཐེངས་འདིར་རྒྱ་གར་དང་ཡུ་རོབ་གཉིས་ཀྱིས། ཕན་ཚུན་གྱི་ཚོང་ཟོག་སྟེང་ནས་སྒོ་ཁྲལ་སྙུང་རྒྱུ་གྲོས་མཐུན་ཟིན་པ་དང་། ཞིབ་ཕྲའི་ནང་དོན་དག་སང་ཉིན་གཟའ་མིག་དམར་ཉིན་ཕྱིར་བསྒྲག་རྒྱུ་ཡིན་པ་གསལ།

ད་ལྟ་བར་རྒྱ་གར་གྱིས་ཡུ་རོབ་ཀྱི་རླངས་འཁོར་དག་གི་སྟེང་། སྒོ་ཁྲལ་བརྒྱ་ཆ་ 70% འགེལ་བཞིན་པ་དང་། རླངས་འཁོར་སྐོར་ཞིག་གི་སྟེང་སྒོ་ཁྲལ་བརྒྱ་ཆ 110% བཀལ་ཡོད་པ་གསལ། ཐེངས་འདིའི་གྲོས་མཐུན་འདིའི་ཁྲོད། རྒྱ་གར་གྱིས་ཡུ་རོབ་ཀྱི་རླངས་འཁོར་དག་གི་སྟེང་ནས་སྒོ་ཁྲལ་བརྒྱ་ཆ་ 40% དེ་མ་ཐག་ཕྱིར་འཐེན་རྒྱུ་དང་། བརྒྱ་ཆ་ 10% རྗེས་སུ་ཕྱིར་འཐེན་རྒྱུ་ཡིན་པ་བཤད།

ཡིན་ན་ཡང་། རླངས་འཁོར་ཚང་མའི་སྟེང་ནས་མ་ཡིན་པར། ལོ་རེར་རིན་གོང་ཡུ་སྒོར་ 15,000 ལས་མཐོ་བ་ཡིན་པའི་རླངས་འཁོར་གྲངས་འབུམ་ 2 ཡས་མས་ཡིན་པ་བཤད། རླངས་འཁོར་འདི་དག་གི་ཁྲོད་མཇར་མན་གྱི་ཧྥོལ་ཚི་ཝ་གྷེན་(Volkswagen)དང་། གཞན་ཡང་མེར་སེ་སྒྲེ་སི་(Mercedes)དང་(BMW)། ཧྥ་རན་སིའི་རེ་ནོལ་ཀྲི་(Renault)བཅས་ཚུད་ཡོད་པ་གསལ། དེ་ལྟར་ན་རླངས་འཁོར་འདི་དག་རྒྱ་གར་གྱི་ཁྲོམ་རར་རིན་གོང་ཆུང་དུ་འགྲོ་རྒྱུ། འབྲེལ་ཡོད་གནས་ཚུལ་གཞན་དག་རྗེས་སུ་དགོད་རྒྱུ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།