Homeརྒྱལ་སྤྱི།ཡུ་རོབ།དམག་མི་ཤི་རྨས་གྲངས་ས་ཡ་ 2 ལས་བརྒལ་སྲིད་པ།

དམག་མི་ཤི་རྨས་གྲངས་ས་ཡ་ 2 ལས་བརྒལ་སྲིད་པ།

Date:

ད་ལྟ་བར་ཡུ་ཁུ་རན་གྱི་དམག་མི་གྲངས་ 100,000 ནས་ 140,000 བར་བསད་ཟིན་པ་རོབ་རྩིས་དང་། ཡུ་དམག་འབུམ་ 6 ཡས་མས་ཤིག་ཤི་རྨས་ཐེབས། དེ་བཞིན་རཱ་ཤི་ཡའི་དམག་མི་ 325,000 ཡས་མས་བསད་ཟིན་པ་དང་། ཁྱོན་དམག་མི་ས་ཡ་ 1.2 ཤི་རྨས་ཐེབས་ཟིན་པ་བཤད།

•. རཱ་དམག་གིས། ཡུ་ཁུ་རན་གྱི་ཁར་ཁེ་ཝི་མངའ་སྡེ་རུ་འགྲུལ་སྐྱེལ་མེ་འཁོར་ཞིག་གི་སྟེང་གཏོར་རྒོལ་བྱས་ཤིང་། ནང་གི་འགྲུལ་བ་ 3 བསད་ཟིན་པ་ཡུ་ཁུ་རན་གྱིས་བཤད། སྐབས་དེར་མེ་འཁོར་ནང་དུ་མི་ 155
ལས་མང་བ་ཡོད་པ་བཤད། འགྲུལ་བ་མང་པོ་མེ་འཁོར་ནས་ཕྱིར་ཐོན་བཞིན་པའི་བརྙན་སོགས་ཕྱིར་ཐོན།

•. ཁ་སང་ཡང་བསྐྱར་རཱ་ཤི་ཡའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་གྷེ་ར་སེ་མོ་ཡིས། རཱ་དམག་གིས་ཡུ་ཁུ་རན་གྱི་ཤར་ཕྱོགས་ཁར་ཁེ་ཝི་མངའ་སྡེའི་ཀུ་པན་སི་ཀི་གྲོང་བརྡལ་བཟུང་ཟིན་པ་བཤད། ལོ་སྔོན་མའི་ཕྱི་ཟླ་ 12 ནང་ཁོས་སྐད་ཆ་འདི་བཤད་ཅིང་། ཕུ་ཀྲན་གྱིས་ཀྱང་སྐད་ཆ་འདི་ཡང་ཡང་བཤད། ཡིན་ན་ཡང་། གཡུལ་སའི་ས་ཁྲ་ལྟར་ན་རཱ་དམག་གིས་གྲོང་བརྡལ་འདི་འཛིན་ཐུབ་ཡོད་པ་མི་མངོན།

•. ཡུ་ཁུ་རན་གྱིས་ཀྱང་གྲོང་བརྡལ་འདི་རཱ་དམག་གིས་འཛིན་ཐུབ་མེད་ལ། གྲོང་བརྡལ་ནང་རཱ་དམག་སྐོར་ཞིག་འཛུལ་ཟིན་པ། ཡུ་དམག་གིས་ཡོངས་སུ་བསྐོར་ཟིན་པ་བཤད། ཕུ་ཀྲན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རཱ་ཤི་ཡའི་རང་དབང་གསར་འགོད་པ་ཚོས་ཀྱང་། དམག་སྤྱི་གྷེ་ར་སེ་མོའི་སྐད་ཆ་འདི་རྫུན་རེད་ཅེས་ཤོད་བཞིན་པ་གསལ། ཁ་སང་ཡུ་དམག་གིས། ཁི་རཱ་མེ་ཡ་གླིང་ཕྲན་སྟེང་དུ་གཏོར་རྒོལ་ཁྲོད། དེར་ཡོད་པའི་རཱ་ཤི་ཡའི་གནམ་སྲུང་མ་ལག་ Tor M2 ཅིག་གཏོར།

•. ནེའུ་ཡོག་དུས་བབ་ཀྱིས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པ་ལྟར་ན། ཕྱི་ལོ་ 2022 ཟླ་ 2 ཚེས་ 24 ཉིན་ཏེ། ཕུ་ཀྲན་གྱིས་ཡུ་ཁུ་རན་ལ་བཙན་འཛུལ་གྱིས་དམག་འཁྲུག་འདི་འགོ་བཙུགས་པ་ནས། ཡུ་ཁུ་རན་གྱི་དམག་མི་གྲངས་ 100,000 ནས་ 140,000 བར་བསད་ཟིན་པ་རོབ་རྩིས་དང་། ཁྱོན་ཡུ་དམག་འབུམ་ 6 ཡས་མས་ཤིག་ཤི་རྨས་ཐེབས་ཟིན་པ་བཤད། དེ་བཞིན་རཱ་ཤི་ཡའི་དམག་མི་ 325,000 ཡས་མས་བསད་ཟིན་པ་དང་། ཁྱོན་དམག་འཁྲུག་འགོ་བཙུགས་པ་ནས་རཱ་དམག་ས་ཡ་ 1.2 ཤི་རྨས་ཐེབས་ཟིན་པ་བཤད། འདི་ནི་ཚོད་རྩིས་ཀྱི་གྲངས་ཀ་གསལ་ཤོས་ཤིག་ཏུ་གྱུར།

•. གོང་གི་གྲངས་ཀ་འདིའི་ནང་དུ་གཡུལ་སར་བརླགས་ཟིན་པའམ།
གར་སོང་ཆ་མེད་གྱུར་ཟིན་པ་དག་ཀྱང་ཚུད་ཡོད་པ་གསལ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། གཡུལ་འགྱེད་གང་གི་ཁྲོད་དུའང་ཤི་རྨས་ཀྱི་གྲངས་འདི་འདྲའི་ཐག་ཉེར་ཡང་སླེབས་མེད་པ་གསལ། གལ་སྲིད་ད་ལྟའི་ཤི་རྨས་གྲངས་འདི་མུ་མཐུད་དུ་རྒྱུན་བསྐྱངས་ཚེ། ད་ལོའི་དཔྱིད་ཀ་བར། ཁྱོན་དམག་འཁྲུག་འདིའི་ཁྲོད་དམག་མི་ཤི་རྨས་གྲངས་ས་ཡ་ 2 ལ་འབུད་རྒྱུ་ཡིན་པ་ཚོད་རྩིས་བྱེད། དེ་དང་ལྷན་ཕྱི་ལོ་ 2024 ནས་རཱ་དམག་གིས། ཡུ་ཁུ་རན་གྱི་ས་ཆ་བརྒྱ་ཆ་ 1.5% ལས་འཕྲོག་མ་ཐུབ་པ་བཤད།

•. བདུན་ཕྲག་སྔོན་མར་ཨ་རི་དང་ཡུ་ཁུ་རན། རཱ་ཤི་ཡའི་སྐུ་ཚབ་བཅས་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ས། ཨ་བྷུ་རྡ་བྷེ་རུ་འཛོམས་ཤིང་གྲོས་བྱས་ཟིན་པ་ལྟར། ཡུ་ཁུ་རན་གྱི་ཕྱི་སྲིད་བློན་ཆེན་ལྟར་ན། ཡུ་ཁུ་རན་གྱི་ངོས་ནས་ཨ་རི་དང་ལྷན། བདེ་སྲུང་ཁག་ཐེག་གི་ཡིག་ཆ་དོན་ཚན་ 20 ཅན་གྱི་སྟེང་མིང་རྟགས་འགོད་རྒྱུའི་འཆར་གཞི་ཡོད་པ་དང་། ཨ་རི་དང་རཱ་ཤི་ཡ་གཉིས་ཀྱིས་ཟུར་དུ་ཡིག་ཆ་ཞིག་གི་སྟེང་མིང་རྟགས་དགོད་རྒྱུ་ཡིན་པ་བཤད། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་གྲོས་མོལ་ཡག་པོ་འགྲོ་བཞིན་པ་བཤད།

•. དབྱིན་ཇིའི་ནོར་སྲིད་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཨ་རིས་ཡུ་ཁུ་རན་ལ། གལ་སྲིད་ཨ་རིས་ཡུ་ཁུ་རན་ལ་བདེ་སྲུང་ཁག་ཐེག་སྤྲོད་དགོས་ཚེ། རཱ་ཤི་ཡའི་དགོས་འདུན་ལྟར་ཡུ་ཁུ་རན་གྱིས་རྡོན་པ་སི་ས་ཁུལ་ནས་ཡུ་དམག་ཕྱིར་འཐེན་དགོས་ཞེས་ཤོད་བཞིན་པ་བཤད། ཡིན་ན་ཡང་། ཨ་རིའི་ལས་བྱེད་ཅིག་གིས། ཁོ་ཚོས་ཡུ་ཁུ་རན་ལ་དགོས་འདུན་དེ་འདྲ་ཞིག་འདོན་བཞིན་མེད་ཟེར། ཡིན་ན་ཡང་། རོའུ་ཀྲར་གསར་ཤོག་གིས་ཀྱང་། ཨ་རིས་ཡུ་ཁུ་རན་ལ་དམག་མི་ཕྱིར་འཐེན་དགོས་པ་དང་། མ་མ་འཐེན་ཚེ་བདེ་སྲུང་ཁག་ཐེག་བྱ་རྒྱུ་མིན་ཞེས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་གནས་ཚུལ་བཀོད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།