Homeརྒྱལ་སྤྱི།དཀྱིལ་ཤར།དཀྱིལ་ཤར་གྱི་གནས་ཚུལ་འགའ།

དཀྱིལ་ཤར་གྱི་གནས་ཚུལ་འགའ།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་ཡང་བསྐྱར་ཨ་རིའི་གཏོར་རྒོལ་གྲུ་གཟིངས་རུ་ཁག་ཅིག་ཨེ་རན་གྱི་ཕྱོགས་སུ་འགྲོ་བཞིན་པ་བཤད། ཐོག་མར་གྲོས་མོལ་གྱི་ལམ་ནས་ཨེ་རན་གྱི་དཀའ་ངལ་འདི་སེལ་རྒྱུར་ཚོད་ལྟ་བྱ་རྒྱུ་ཡིན་པ་ཁོས་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གྷ་ཛ་ས་ཁུལ་དུ་མེ་མཚམས་བཞག་པའི་ལས་ཀ་རིམ་པ་གཉིས་པ་དེ་འགོ་བཙུགས་ཟིན་ཅེས་བསྒྲགས་ཤིང་། ཉེ་དུས་སུད་སིར་འདི་དང་འབྲེལ་ཞི་བདེ་ལྷན་ཚོགས་ཞེས་པ་གཞུང་འབྲེལ་ངང་བཙུགས་ཟིན་པ་ལྟར། འཆར་གཞི་ལྟར་ན་གྷ་ཛ་ས་ཁུལ་དུ་བར་བརྒལ་འཛིན་སྐྱོང་ཞིག་འཛུགས་དགོས་པ་དང་། གྷ་ཛ་ས་ཁུལ་གྱི་བདེ་སྲུང་ཆེད། རྒྱལ་སྤྱིའི་དམག་དཔུང་ཞིག་གྷ་ཛ་ས་ཁུལ་དུ་འཇོག་དགོས་པ་ཡིན།

ཡིན་ན་ཡང་། ཁ་སང་ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། ཏུར་ཀེ་དང་ཁཱ་ཀྲར་གཉིས་ཀྱི་དམག་མི་གྷ་ཛ་ས་ཁུལ་དུ་ཡོང་དུ་འཇུག་རྒྱུ་མིན་ཞེས་བཤད། ཨེ་ཛི་རལ་གྱིས། ད་ལྟ་དགྲ་བོ་རྙིང་པ་ཚོ་གྱོན་པ་གསར་བའི་འོག་ནས། ཨེ་ཛི་རལ་གྱི་ཐག་ཉེ་བཅར་བཞིན་འདུག་ཅེས་བཤད། ཁཱ་ཀྲར་དུ་ཧཱ་མ་སི་དྲག་དཔུང་གི་གཏེ་དཔོན་དག་ཡོད་པ་དང་། ཨེ་ཛི་རལ་གྱིས། ཁཱ་ཀྲར་ནི་ཧཱ་མ་སིའི་ཆབ་སྲིད་རྟེན་གཞི་རུ་མཐོང་བཞིན་པ་གསལ།

སེ་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་རཱ་ཤི་ཡའི་དམག་སྒར་ནས། དམག་མི་དང་གོ་ལག་ཕྱིར་འཐེན་བཞིན་པའི་གནས་ཚུལ་ཐོན། ཕྱི་ལོ་ 2024 ཟླ་ 12 ཚེས་ 8 ཉིན་སེ་རི་ཡའི་སྲིད་འཛིན། སྒེར་གཅོད་པ་ཨ་ས་རྡིའི་ཁྱིམ་ཚང་གི་སྲིད་དབང་མཇུག་བསྡུས་རྗེས། སེ་རི་ཡར་ཡོད་པའི་རཱ་ཤི་ཡའི་དམག་སྒར་དག་གནས་ཐུབ་མིན་ངེས་གཏན་མེད་པར་གྱུར། དེ་རིང་སེ་རི་ཡའི་བར་བརྒལ་སྲིད་འཛིན། ཨལ་ཤ་ར་རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོར་འགྲོ་བཞིན་པ་དང་། ཕུ་ཀྲན་དང་ལྷན་ཐུག་རྒྱུ་ཡིན་པ་གསལ།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་ཡང་བསྐྱར་ཨ་རིའི་གཏོར་རྒོལ་གྲུ་གཟིངས་རུ་ཁག་ཅིག་ཨེ་རན་གྱི་ཕྱོགས་སུ་འགྲོ་བཞིན་པ་བཤད། ཐོག་མར་གྲོས་མོལ་གྱི་ལམ་ནས་ཨེ་རན་གྱི་དཀའ་ངལ་འདི་སེལ་རྒྱུར་ཚོད་ལྟ་བྱ་རྒྱུ་ཡིན་པ་ཁོས་བཤད། འདིའི་སྔོན་དུ་ཨ་རིའི་མཚོ་དམག་རུ་ཁག་ཅིག་དཀྱིལ་ཤར་གྱི་མཚོའི་ནང་དུ་སླེབས་ཟིན། ཨེ་རན་གྱིས། ཨ་རིས་གཟབ་མནན་བྱ་དགོས་པ་དང་། ནོར་འཁྲུལ་ཆུང་ངུ་ཞིག་གིས་དོན་རྐྱེན་ཆེན་པོ་སློང་སྲིད་པའི་ཉེན་བརྡ་བཏང་།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག