Homeརྒྱལ་སྤྱི།ཨ་མེ་རི་ཀཝེ་ནེ་ཛོ་ལའི་གཞུང་གསར་བ་དང་ཨ་རི།

ཝེ་ནེ་ཛོ་ལའི་གཞུང་གསར་བ་དང་ཨ་རི།

Date:

ད་ལྟའི་ཝེ་ནེ་ཛོ་ལའི་བར་བརྒལ་སྲིད་འཛིན་གྱིས། ཁོ་ཚོས་རྒྱ་ནག་དང་རཱ་ཤི་ཡ། ཨེ་རན་བཅས་དང་འབྲེལ་བ་གཅོད་རྒྱུའི་ཐད་ནས། ཨ་རི་དང་མཉམ་འབྲེལ་བྱ་རྒྱུ་ཡིན་མིན་ཨ་རིའི་གསང་ལས་ཀྱིས་དོགས་པ་བྱེད་བཞིན་པ་བཤད།

ཉེ་དུས་ཨ་རིའི་ཕྱི་རྒྱལ་གསང་བའི་ལས་ཁུངས་ཀྱི་དབུ་ཁྲིད་ཝེ་ནེ་ཛོ་ལར་སླེབས་ཟིན་པ་ལྟར། སི་ཨན་ཨན་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ཨ་རིས་ཝེ་ནེ་ཛོ་ལ་རུ་ཕྱི་རྒྱལ་གསང་བའི་ལས་ཁུངས་ཀྱི་ཡན་ལག་ཅིག་འཛུགས་འཆར་ཡོད་པ་བཤད། ཟླ་བ་འདིའི་ཚེས་ 3 ཉིན་ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་བཟུང་ཞིང་། ད་ལྟ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་བཀག་མཉར་ཁང་དུ་བཅུག་ཡོད། ཡིན་ན་ཡང་། ཝེ་ནེ་ཛོ་ལའི་གཞུང་གིས་དེ་མ་ཐག་སྲིད་འཛིན་གཞོན་པ་དེ་བར་བརྒལ་སྲིད་འཛིན་དུ་བསྐོས་ཤིང་། མཱ་རྡུ་རོའི་ཕྱོགས་གཏོགས་ཚོས་སྔར་བཞིན་སྲིད་དབང་བཟུང་།

ཨ་རིས་ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་འཛིན་དོན་གལ་ཆེན་ཞིག་ནི། ཨ་མེ་རི་ཀའི་གླིང་ཕྲན་ནས་རྒྱ་ནག་དང་རཱ་ཤི་ཡ། ཨེ་རན་བཅས་ཀྱི་སྟོབས་ཤུགས་དང་། ཤུགས་རྐྱེན་ཕྱིར་ཕུད་རྒྱུ་དེ་ཡིན་པ་ལྟར། གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་མི་ 4 ཡིས་རོའུ་ཀྲར་གསར་ཤོག་ལ་བཤད་པ་ལྟར་ན། ད་ལྟའི་ཝེ་ནེ་ཛོ་ལའི་བར་བརྒལ་སྲིད་འཛིན་གྱིས། ཁོ་ཚོས་རྒྱ་ནག་དང་རཱ་ཤི་ཡ། ཨེ་རན་བཅས་དང་འབྲེལ་བ་གཅོད་རྒྱུའི་ཐད་ནས། ཨ་རི་དང་མཉམ་འབྲེལ་བྱ་རྒྱུ་ཡིན་མིན་ཨ་རིའི་གསང་ལས་ཀྱིས་དོགས་པ་བྱེད་བཞིན་པ་བཤད།

ཝེ་ནེ་ཛོ་ལའི་སྲིད་འཛིན་གཞོན་པས་བར་བརྒལ་སྲིད་འཛིན་གྱི་དམ་འབུལ་ཞུ་སྐབས་ཀྱང་། རྒྱ་ནག་དང་རཱ་ཤི་ཡ། ཨེ་རན་བཅས་ཀྱི་གཞུང་ཚབ་དག་དངོས་སུ་མཛད་སྒོར་མགྲོན་འབོད་བྱས་ཤིང་དེར་ཞུགས། ཝེ་ནེ་ཛོ་ལས་རྒྱ་ནག་ལ་བུ་ལོན་ཕོན་ཆེན་སྤྲོད་དགོས་པས། དེའི་ཚབ་ཏུ་རྒྱ་ནག་ལ་རྡོ་སྣུམ་སྤྲོད་བཞིན་པ་དང་། རཱ་ཤི་ཡས་ཝེ་ནེ་ཛོ་ལར་གོ་ལག་གཏོང་བཞིན་པ་གསལ། དེ་བཞིན་ཨེ་རན་གྱིས་ཀྱང་ཝེ་ནེ་ཛོ་ལའི་རྡོ་སྣུམ་བཟོ་གྲྭ་དག་ལ་བཟོ་བཅོས་ཀྱི་རོགས་རམ་བྱེད་བཞིན་པ་བཤད།

ཨ་རིས་སྲིད་འཛིན་མཱ་རྡུ་རོ་བཟུང་ཟིན་ནའང་། གཞུང་རྙིང་པར་འགྱུར་བ་མ་བཏང་ཞིང་། དེ་ལྟར་བྱས་པའི་ཐད་སྒྲོ་ནལ་ཁྲི་རམ་ཕུས། སྔར་ཨ་རིའི་དམག་དཔུང་གིས་ཨེ་རག་ལ་བཙན་འཛུལ་གྱིས། སཱ་རྡམ་ཧུ་སེན་སྲིད་སྟེགས་ནས་གཡུག་རྗེས་ཀྱང་། ཨ་རིས་ཨེ་རག་གི་ཆེས་མཐོའི་ཆབ་སྲིད་པ་ནས། ཉེན་རྟོག་པ་བར་གནས་དབྱུང་གཏོང་དུ་བཅུག་པའི་མཇུག་འབྲས་སུ། རྒྱལ་ནང་དུ་དྲག་ཟིང་བྱུང་ཞིང་དེའི་བར་ནས་ཁ་ཆེ་དྲག་སྤྱོད་ཚོགས་པ་(ISIS)བྱུང་ཡིན་པ་བཤད། ད་ལྟ་བར་ཝེ་ནེ་ཛོ་ལའི་གཞུང་གིས། ཆབ་སྲིད་བཙོན་པ་གློད་གྲོལ་དང་ཨ་རིར་རྡོ་སྣུམ་ལྕགས་ཟོ་གྲངས་ས་ཡ་ 30 ནས་ 50 བར་འཚོང་རྒྱུ་སོགས་ཁས་བླངས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག