Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་དྲག་སྤྱོད་པའི་ནང་བཅུག 

ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་དྲག་སྤྱོད་པའི་ནང་བཅུག 

Date:

ཨེ་རན་གཞུང་གིས་ངོ་རྒོལ་བ་ཚོར་དྲག་གནོན་ཡ་ང་བ་ཞིག་བྱས་ཟིན་པ་ལྟར། ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ 27 གྱིས། ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་དེ་དྲག་སྤྱོད་དམག་སྡེ་ཞིག་ཏུ་ངོས་བཟུང་། 

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཝེ་ནེ་ཛོ་ལར་བཏང་བ་ལས་ཀྱང་གཞི་རྒྱ་ཆེ་བའི་མཚོ་དམག་ཧ་ཅང་ཕོན་ཆེན་ཞིག དམིགས་ཡུལ་ཡོད་པའི་སྒོ་ནས། ཨེ་རན་གྱི་ཕྱོགས་སུ་སྟོབས་ཀྱིས་མགྱོགས་པོར་འགྲོ་བཞིན་ཡོད། དགོས་མཁོ་བྱུང་ཝེ་ནེ་ཛོ་ལར་བྱས་པ་ལྟར་ཁོ་ཚོས་རང་གི་དམིགས་ཡུལ་མྱུར་མོར་སྒྲུབ་ཐུབ་པ་དང་། དེ་ལ་གྲ་སྒྲིག་དང་འདོད་པ་ཡོད། ཨེ་རན་མགྱོགས་པོར་གྲོས་མོལ་གྱི་ཅོག་ཙེའི་འགྲམ་དུ་ཡོང་རྒྱུ་དང་། ཚང་མར་ཕན་ཆེད་རྡུལ་མཚོན་མི་བཟོ་རྒྱུ་དང་འབྲེལ་འདྲ་མཉམ་གྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཡོད་ཅེས་བྲིས།

ད་དུང་ཁོས། ད་ལྟ་ཆུ་ཚོད་རྫོགས་བཞིན་འདུག འདི་ནི་དོན་གྱི་སྙིང་པོ་དེ་རེད། སྔར་ངས་ཁོ་ཚོར་བཤད་ཀྱང་ཁོ་ཚོས་དེ་ལྟར་མ་སྒྲུབ་པས་གཏོར་རྒོལ་བྱས་པ་རེད། གཏོར་རྒོལ་རྗེས་མ་ནི་སྔར་གྱི་དེ་ལས་ཤུགས་ཆེན་ཡིན་པས། དེ་འདྲ་འབྱུང་དུ་མ་འཇུག་ཅེས་ཉེན་བརྡ་བཏང་། ནེའུ་ཡོག་དུས་བབ་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུས་ཨེ་རན་ལ། ཨེ་རན་གྱི་བྷ་ལི་སི་ཀྲི་ཁི་འཕུར་མདའ་བཟོ་རྒྱུ་མཚམས་འཇོག་རྒྱུའི་དགོས་འདུན་འདོན་བཞིན་པ་བཤད། རྒྱལ་ཚོགས་སུ་ཡོད་པའི་ཨེ་རན་གྱི་སྐུ་ཚབ་ཀྱིས། དེ་ལྟར་ཨ་རིས་གཏོར་རྒོལ་བྱས་ཚེ་ལན་སྔར་མ་སློག་པ་ཞིག་བསློག་རྒྱུ་ཡིན་ཞེས་བཤད།

ད་དུང་ཁོས། ཨ་རིས་ཨ་ཧྥི་གྷན་དང་ཨེ་རག་གཉིས་ཀྱི་ནང་ཐེ་བྱུས་བྱས་འབྲས་སུ། ཨ་རིའི་དམག་མི་ 7,000 གི་སྲོག་ཤོར་ཟིན་པ་དང་། ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $7 ལས་མང་བའི་འགྲོ་གྲོན་གཏོང་དགོས་གྱུར་ཟིན་ཅེས་བཤད། ཨེ་རན་གྱི་ཕྱི་སྲིད་བློན་ཆེན་ཨ་བྷ་སི་ཡིས། ཨེ་རན་དམག་དཔུང་གིས། མཁའ་མཚོ་སྐམ་གསུམ་གྱི་སྟེང་ནས་ནུས་པ་ལྡན་པའི་ངང་རྒོལ་ལན་བསློག་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད། དེ་དང་ལྷན་ཁོས། ཨ་རི་དང་ལྷན་འདྲ་མཉམ་ངང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་བཤད། ཨེ་རན་གྱིས་རྡུལ་མཚོན་མི་བཟོ་རྒྱུ་ཁས་ལེན་སྲིད་ནའང་། འཕུར་མདའ་དང་ཉིང་རྡུལ་རྫས་སྦྱོར་བཟོ་རྒྱུར་མོས་མཐུན་བྱ་རྒྱུའི་རྣམ་པ་མ་ཐོན།

སྔར་དང་ལྷག་པར་ཉེ་དུས་ཨེ་རན་གྱི་ངོ་རྒོལ་བའི་སྟེང་། ཨེ་རན་གཞུང་གིས་དྲག་གནོན་ཡ་ང་བ་ཞིག་བྱས་ཟིན་པ་ལྟར། དེ་རིང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ 27 གྱིས། ཨ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་དེ་དྲག་སྤྱོད་དམག་སྡེ་ཞིག་ཏུ་ངོས་འཛིན་རྒྱུ་ཡིན་པའི་གནས་ཚུལ་ཐོན། ཡུ་རོབ་ཀྱི་ཕྱི་སྲིད་དབུ་ཁྲིད་ལྕམ་ཁཱ་ཇ་ཁ་ལ་སི་ཡིས། ཁྱོད་ཀྱིས་དྲག་སྤྱོད་པ་ལྟར་ལས་ཀ་བྱས་ཚེ། ཨལ་ཁཱ་རྡ་དང་ཧཱ་མ་སི་དྲག་དཔུང་ལྟར། ཁྱོད་རང་དྲག་སྤྱོད་པར་ངོས་འཛིན་བྱེད་དགོས་པ་རེད་ཅེས་བཤད། 

ཕྱི་ལོ་ 1979 ལོར་ཁ་ཆེ་ཆོས་དཔོན་ཚོ་དང་རྙིང་ཞེན་པ་ཚོས་འགོ་འཁྲིད་པའི་འོག གུ་ཡངས་དང་དེང་རབས་ཀྱི་ལྟ་བ་འཛིན་མཁན། ཨེ་རན་གྱི་རྒྱལ་བོའི་སྲིད་དབང་མཇུག་བསྡུས་ཤིང་། ཨེ་རན་གྱི་དབང་ཆ་དེ་ཁ་ཆེའི་ཆོས་དཔོན་ཨ་ཡ་ཏུ་ལ་ཡིས་བཟུང་། ཆོས་དཔོན་འདིས་བཙུགས་པ། ཁ་ཆེའི་ཆོས་ཁྲིམས་དང་མཐུན་པའི་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་འཛུགས། ལམ་ལུགས་བཅས་སྲུང་སྐྱོབ་ཕྱིར། ཁ་ཆེ་གསར་བརྗེ་དམག་(IRGC)ཞེས་པ་འདི། གཞུང་དམག་ལས་ཟུར་དུ་བཙུགས་ཤིང་། དམག་དཔུང་འདིས་རྒྱལ་ཕྱི་ནང་དུ་ལས་འགུལ་འདྲ་མིན་སྤེལ་བཞིན་པ་གསལ། 

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།