Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་ཀྱིས་རཱ་ཤི་ཡའི་གྲུ་གཟིངས་དག་འགོག་རྒྱུ།

ཡུ་རོབ་ཀྱིས་རཱ་ཤི་ཡའི་གྲུ་གཟིངས་དག་འགོག་རྒྱུ།

Date:

རོབ་ཀྱི་རྒྱལ་ཁབ་ 14 ཡིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ། རྒྱལ་ཁབ་འདི་དག་གིས། བྱང་གི་རྒྱ་མཚོ་དང་བྷལ་ཀྲི་ཁི་མཚོ་བཅས་བརྒྱུད་ནས་འགྲོ་མཁན། རྡོ་སྣུམ་སྐྱེལ་མཁན་གྱི་རཱ་ཤི་ཡའི་གྲིབ་གཟུགས་གྲུ་གཟིངས་དག་འགོག་འདོད་ཡོད་པ་བཤད།

•. ཚེས་ 27 དང་ཚེས་ 28 ཉིན་ཡུ་དམག་གིས། རཱ་དམག་གི་འོག་ཏུ་ཡོད་པའི་རྡོ་ཉད་སི་ཀི་དང་། ལུ་ཧན་སི་ཀི རྫ་པུ་རི་ཆི། སྒྲི་ནེ་པུར་མངའ་སྡེ་སོགས་སུ་ཡོད་པའི་རཱ་དམག་གི་གོ་མཛོད་དང་། དམག་མི་བཅས་ཀྱི་སྟེང་གཏོར་རྒོལ་དང་། གཞན་ཡང་རཱ་ཤི་ཡའི་ཝོ་རོ་ནེ་ཤི་མངའ་སྡེར་ཡོད་པའི་རྡོ་སྣུམ་མཛོད་ཁང་ཞིག་བཅས་ལ་གཏོར་རྒོལ་བྱས་ཟིན་པ་བཤད།

•. བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། རྒྱ་གར་གྱི་རྡོ་སྣུམ་བཟོ་གྲྭ་དག་གིས། རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་བཞིན་མེད་པས་རྡོ་སྣུམ་སྐྱེལ་མཁན་གྱི་རཱ་ཤི་ཡའི་གྲུ་གཟིངས་སྐོར་ཞིག་མཚོ་ཐོག་ཏུ་ལྷག་ཡོད་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 8 ནང་ནས་རྡོ་སྣུམ་ལྕགས་ཟོ་གྲངས་ས་ཡ་ 60 གྲུ་གཟིངས་ཀྱི་ནང་དུ་བཞག་ཟིན་པ་ལ་སྐྱེལ་མ་ཐུབ་པར་ལྷག་ཡོད་པ་བཤད། 

•. སྦེལ་རྗམ་དང་ཧྥ་རན་སི། མཇར་མན། དབྱིན་ཇི། ནོར་ཝེ། སི་ཝེ་སྒྲན། ཧྥིན་ལན་ཀྲི ལཱ་ཏི་ཝེ་ཡ། ཨེ་སི་ཏོ་ནེ་ཡ། ནེ་རྡར་ལན་ཀྲི ཨེ་སི་ལན་ཀྲི་བཅས་ཡུ་རོབ་ཀྱི་རྒྱལ་ཁབ་ 14 ཡིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ། རྒྱལ་ཁབ་འདི་དག་གིས། བྱང་གི་རྒྱ་མཚོ་དང་བྷལ་ཀྲི་ཁི་མཚོ་བཅས་བརྒྱུད་ནས་འགྲོ་མཁན། རྡོ་སྣུམ་སྐྱེལ་མཁན་གྱི་རཱ་ཤི་ཡའི་གྲིབ་གཟུགས་གྲུ་གཟིངས་དག་འགོག་འདོད་ཡོད་པ་བཤད།

•. ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས། ཡུ་ཁུ་རན་ལ་བདེ་སྲུང་ཁག་ཐེག་སྤྲོད་རྒྱུ་དང་། དེའི་ཆེད་དབྱིན་ཇི་དང་ཧྥ་རན་སིའི་དམག་མི་ཡུ་ཁུ་རན་ལ་གཏོང་རྒྱུའི་ཐད་གྲོས་བྱེད་བཞིན་པ་དང་། འདི་དང་འབྲེལ་ཐུན་མོང་གི་གྲོས་མཐུན་ཞིག་བཞག་ཐུབ་ཟིན་པ་བཤད།རོའུ་ཀྲར་གསར་ཤོག་ལ་ཨ་རིའི་ལས་བྱེད་ཅིག་གིས་བཤད་ན། ཡུ་ཁུ་རན་ལ་བདེ་སྲུང་ཁག་ཐེག་སྤྲོད་པར། ཐོག་མར་རཱ་ཡུ་གཉིས་བར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་དགོས་པ་བཤད། ཡིན་ན་ཡང་། རཱ་ཤི་ཡས། ཡུ་དམག་རྡོན་པ་སི་ས་ཁུལ་ནས་ཕྱིར་མ་འཐེན་བར་སྐད་ཆ་གང་ཡང་མེད་ཅེས་མུ་མཐུད་དུ་ཤོད་བཞིན་པའི་མཚམས།

•. སྒྲོ་ནལ་ཁྲི་རམ་ཕུས་ཡུ་ཁུ་རན་ལ་གནོན་ཤུགས་འོག དམག་འཁྲུག་མཚམ་འཇོག་རྒྱུའི་ཐད་གྲོས་མོལ་བྱེད་བཞིན་པ་དང་འབྲེལ། འབྱུང་འགྱུར་འབྱུང་སྲིད་པའི་སྣང་ཚུལ་གསུམ་ཝོལ་ སི་ཀྲི་རི་ཀྲི་གསར་དེབ་སྟེང་བཀོད། དང་པོ། རཱ་དམག་གིས་ཤར་ཕྱོགས་ནས་དལ་བོའི་ངང་མདུན་བསྐྱོད་བྱ་རྒྱུ་དང་། དམག་མིའི་གྲངས་ཀྱི་དཀའ་ངལ་ཡོད་ཀྱང་ཡུ་དམག་གིས་མུ་མཐུད་དུ་འགོག་རྒོལ་བྱ་རྒྱུ་ཡིན་པས། ལོ་འདིར་མུ་མཐུད་དུ་དམག་འཁྲུག་རྒྱག་རྒྱུ། གཉིས་པ། ཡུ་ཁུ་རན་གྱི་ནུས་པ་ཟད་ཚད་དེ་ཚབས་ཆེན་གྱུར་ཚེ།བཙན་གྱིས་དམག་མཚམས་འཇོག་རྒྱུར་ངོས་ལེན་བྱ་རུ་འཇུག་རྒྱུ།

•. གསུམ་པ། ཡང་ན་རཱ་ཤི་ཡའི་ནང་ཁུལ་དུ་རྙོག་གྲ་བྱུང་ནས་རཱ་དམག་གི་ནུས་པ་ཟད་རྒྱུ་བཅས་ཡིན་པ་དང་། ཤིན་ཏུ་འབྱུང་སྲིད་པ་ནི་རཱ་ཤི་ཡུ་ཕྱོགས་གཉིས་ཀྱིས་བློས་གཏོང་ཆེན་པོ་བྱ་རྒྱུ་མིན་པས། ཕྱི་ལོ་
2026 ལོར་མུ་མཐུད་དུ་དམག་འཁྲུག་རྒྱག་རྒྱུ་དེ་ཡིན་པ་བཤད། ཕུ་ཀྲན་གྱི་ཕྱི་སྲིད་སློབ་སྟོན་པ་ཡུ་རེ་ཨུ་ཤ་ཁོ་ཝི་ཡིས། གལ་སྲིད་ཛེ་ལན་སི་ཀེ་ལ་ཕུ་ཀྲན་ལ་ཐུག་རྒྱུར་གྲ་སྒྲིག་ཡོད་ཚེ། ཁོ་མོ་སི་ཁོར་བསུ་རྒྱུར་གྲ་སྒྲིག་ཡོད་ལ། ཁོའི་བདེ་སྲུང་ལ་འགན་འཁུར་ཆོག་ཅེས་བཤད། ཛེ་ལན་སི་ཀེ་ཡིས། ཕུ་ཀྲན་ལ་ཐུག་ཆོག་ཀྱང་མོ་སི་ཁོར་ཡོང་རྒྱུ་མིན། རྒྱལ་ཁབ་གསུམ་པ་ཞིག་ཏུ་ཐུག་ཆོག་ཅེས་སྔར་བཤད་ཟིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག