Homeརྒྱལ་སྤྱི།ཨེ་ཤ་ཡ།གཏེར་ཁ་བསྔོག་སར་མི་ 18 བསད།

གཏེར་ཁ་བསྔོག་སར་མི་ 18 བསད།

Date:

ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ 11:00 ཡས་མས་སུ། རྒྱ་གར་བྱང་ཤར་གྱི་མཱ་གྷ་ལ་ཡ་མངའ་སྡེར་གཏེར་ཁ་བསྔོག་ས་ཞིག་ཏུ་གས་འཐོར་ཞིག་བྱུང་བས། གཏེར་ཁ་སྔོག་མཁན་གྲངས་ 18 རྐྱེན་འདས་སུ་ཕྱིན་ཟིན་པའི་གནས་ཚུལ་ཐོན།

གཟའ་ཕུར་བུའི་ཉིན། ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ 11:00 ཡས་མས་སུ། རྒྱ་གར་བྱང་ཤར་གྱི་མཱ་གྷ་ལ་ཡ་མངའ་སྡེར་གཏེར་ཁ་བསྔོག་ས་ཞིག་ཏུ་གས་འཐོར་ཞིག་བྱུང་བས། གཏེར་ཁ་སྔོག་མཁན་གྲངས་ 18 རྐྱེན་འདས་སུ་ཕྱིན་ཟིན་པའི་གནས་ཚུལ་ཐོན། འདས་པོ་ 18 ཀྱི་ཕུང་པོ་ལེན་ཐུབ་ཟིན་ནའང་། མྱུར་སྐྱོབ་རུ་ཁག་གིས་མུ་མཐུད་དུ་ས་སྐོ་བཞིན་པ་དང་། ད་དུང་ཡང་མི་འགའ་ས་འོག་ཏུ་ཤོར་ཡོད་པ་ཚོད་དཔག་བྱེད། གཏེར་ཁ་བསྔོག་ས་འདི་ཁྲིམས་འགལ་ཡིན་པ་གསལ།

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས། འདས་པོ་ཚོའི་ནང་མིར་གདུང་སེམས་དང་བཅས། འདས་པོ་རེའི་ནང་མིར་གུན་གསབ་ཧིན་སྒོར་འབུམ་ ₹2 རེ་དང་། རྨས་སྐྱོན་བྱུང་ཟིན་པ་དག་གི་ནང་མིར་ཧིན་སྒོར་ཁྲི་ ₹5 རེ་སྤྲད་རྒྱུ་ཡིན་པ་བསྒྲགས། གཏེར་ཁ་བསྔོག་ས་འདི་ནི་མངའ་སྡེ་འདིའི་ལྟེ་བའི་གྲོང་ཁྱེར་ཤི་ལོང་ནས་སྤྱི་ལེ་ 72 ཡས་མས་ཀྱི་མཚམས་སུ་ཡོད་པ་གསལ། གས་འཐོར་དེ་ས་དུང་ནང་ངོས་སུ་བྱུང་ཟིན་པ་དང་། དེ་ནི་བྲག་སོགས་གཏོར་བྱེད་ཀྱི་འགད་རྫས་(dynamite)ཡིན་པ་ཚོད་དཔག་བྱེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག