ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཀོ་ཀྲི་ལ་གྲོས་ཚོགས་ཀྱིས་འདྲི་ཞིབ་སྐབས་སུ། ཁོས། ད་ལྟ་ཨེ་རན་གྱི་མཐོ་རིམ་མི་སྣ་ཚོས་རང་གི་དངུལ་སྒོར་ཕྱི་རྒྱལ་ལ་སྤོར་བཞིན་པ་ང་ཚོས་མཐོང་གི་འདུག་ཅེས་བཤད།
ཨེ་རན་གྱི་དམག་དཔུང་གིས། རང་གི་ཆེས་ཡར་ཐོན་གྱི་བྷ་ལི་སི་ཀྲི་ཁི་འཕུར་མདའ་ཞིག་ཕྱིར་བཏོན། ཨེ་རན་ལྟར་ན་འཕུར་མདའ་འདིའི་མིང་ལ་(Khorramshahr 4)ཞེས་འབོད་པ་དང་། སྙོབས་ཚད་སྤྱི་ལེ་ 2,000 ཡིན་པ་བཤད། ཨ་རི་དང་ཨེ་ཛི་རལ་གྱིས་ཨེ་རན་ལ་བཏོན་པའི་ཆ་རྐྱེན་གཙོ་བོ་ 3 གྱི་ཁྲོད། གཅིག་ནི་ཨེ་རན་གྱི་འཕུར་མདའི་སྙོབས་ཚད་ཚོད་འཛིན་བྱེད་དགོས་པ་དེ་ཡིན།
ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཀོ་ཀྲི་ལ་གྲོས་ཚོགས་ཀྱིས་འདྲི་ཞིབ་སྐབས་སུ། ཁོས། ད་ལྟ་ཨེ་རན་གྱི་མཐོ་རིམ་མི་སྣ་ཚོས་རང་གི་དངུལ་སྒོར་ཕྱི་རྒྱལ་ལ་སྤོར་བཞིན་པ་ང་ཚོས་མཐོང་གི་འདུག འདིས་ཅི་ཞིག་སྟོན་གྱི་འདུག་ཅེས་ན། ཨེ་རན་གྱི་ཆེས་མཐོའི་མི་སྣ་ཚོས་ཨེ་རན་གཞུང་མགྱོགས་པོར་མཇུག་བསྡུ་རྒྱུ་ཡིན་པ་ཁོ་ཚོ་རང་གིས་ཤེས་ཡོད་པ་དེ་རེད་ཅེས་བཤད།
ཁ་སང་གཟའ་ཕུར་བུའི་ཉིན། ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་གིས། པར་སིག་གི་མཚོ་རྒྱུད་དུ་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་ 2 བཟུང་ཟིན་པའི་གནས་ཚུལ་ཐོན། ཡིན་ན་ཡང་། གྲུ་གཟིངས་འདི་གཉིས་རྒྱལ་གང་གི་ཁོངས་སུ་ཐོ་འགོད་བྱས་ཡོད་པ་མི་གསལ་ལ། དེའི་སྟེང་དུ་ཡོད་པའི་ལས་བྱེད་དག་ཀྱང་། རྒྱལ་ཁབ་གང་གི་མི་སེར་ཡིན་པའང་མི་གསལ། འདི་ནི་ཨ་རབ་རྒྱ་མཚོའི་ནང་དུ་ཨ་རི་དང་། ཨེ་རན་བར་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པའི་མཚམས་སུ་བྱུང་།
