Homeགལ་ཆེན་གསར་འགྱུར།ཛེ་ལན་སི་ཀེས་བདེ་སྲུང་བློན་ཆེན་གནས་དབྱུང་བཏང་།

ཛེ་ལན་སི་ཀེས་བདེ་སྲུང་བློན་ཆེན་གནས་དབྱུང་བཏང་།

Date:

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། བདེ་སྲུང་བློན་ཆེན་ཧྥེ་སྒྲོ་རོ་ཝི་གོ་ས་ནས་འཕབ་ཅིང་། ཤུལ་དུ་ནང་སྲིད་བློན་ཆེན་ཁི་ལེ་མེན་ཀོ་འཇོག་རྒྱུ་ཡིན་པའི་གནས་ཚུལ་ཐོན། གནས་ཚུལ་འདི་འདྲ་ཞིག་འབྱུང་སྲིད་པ་ཉེ་དུས་ནས་གསར་ལམ་འགར་གནས་ཚུལ་ཐོན་ཟིན་པ་དང་། རྒྱབ་ཀྱི་གནས་ཚུལ་ནི་བདེ་སྲུང་བློན་ཆེན་ཧྥེ་སྒྲོ་རོ་ཝི་དང་། ཆེས་མཐོའི་དམག་སྤྱི་སར་སི་ཀེ་བར་བསམ་ཚུལ་མ་མཐུན་པར་འགལ་ཟླ་བྱུང་ཟིན་པ་དེ་ཡིན་པ་བཤད།

བདེ་སྲུང་བློན་ཆེན་ཧྥེ་སྒྲོ་རོ་ཝི་ནི་ལོ་ན་གཞོན་ཞིང་། ཐབས་བྱུས་ཀྱི་ཆ་ནས་གསར་བ་ཡིན་པ་ལ། ཆེས་མཐོའི་དམག་སྤྱི་སར་སི་ཀེའི་ཐབས་བྱུས་མང་པོ་ཞིག་ལ། སྔར་གྱི་ཨུ་རུ་སུ་དམར་པོའི་ཤུགས་རྐྱེན་ཡོད་པར་བཤད་པ་དང་། དེ་བཞིན་བདེ་སྲུང་བློན་ཆེན་ཁོས་དམག་སྤྱི་སར་སི་ཀེ་གོ་ས་ནས་གཡུག་ཐབས་བྱས་ཟིན་པར། མཐར་ཁོ་གཉིས་བར་གྱི་འགལ་ཟླ་ཆེ་རུ་ཕྱིན་ནས་ཚད་འདིར་བསྐྱལ་ཟིན་པ་བཤད།

དེ་བཞིན་ཁོས་བདེ་སྲུང་བློན་ཆེན་གྱི་འགན་འཁུར་རྗེས། བདེ་སྲུང་ལྷན་ཁང་དང་ལྷན་གན་རྒྱ་བཞག་ཡོད་པ། སྒེར་གྱི་གོ་ལག་བཟོ་གྲྭ་མང་པོ་ཞིག་གི་ལས་ཀའི་སྤུས་ཚད་ལ་ཞིབ་བཤེར་བྱས་ཤིང་། དེའི་ཁྲོད་ནས་ཁེ་གཉེར་འགའི་ཚོང་ལས་ཤོར་ཟིན་པས། ཚོང་པ་འདི་དག་ལ་རྒྱབ་ཏུ་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། ཁོ་ཚོས་ཀྱང་ཐེངས་འདིའི་ཛེ་ལན་སི་ཀེའི་ཐག་གཅོད་ལ་ཤུགས་རྐྱེན་ཐེབས་ཡོད་པ་ཚོད་དཔག་བྱེད།

བདེ་སྲུང་བློན་ཆེན་གྱིས་ལས་འགན་འཁུར་ནས་ཟླ་བ་ 6 ལས་འགྲོ་བཞིན་མེད་པ་དང་། དེའི་རིང་ཁོས་ཡུ་ཁུ་རན་གྱི་དམག་དཔུང་གི་སྒྲོམ་གཞི་དང་།ལམ་སྲོལ་ལ་གསར་བཅོས་མང་པོ་བྱས་པས་ན་གཞོན་མང་པོ་ཞིག་གིས་ཁོ་ལ་ཧ་ཅང་དགའ་མོས་བྱེད། ཐེངས་འདིར་ཁོ་གོ་ས་ནས་གཡུག་རྗེས། མི་མང་པོས་དྲྭ་ལམ་དུ་བློ་ཕམ་གྱི་རྣམ་འགྱུར་ཆེན་པོ་བསྟན་ཅིང་། ཡུ་ཁུ་རན་གྱི་གཞུང་ནི་སྔར་བཞིན་རུལ་སོང་ལས་ཐར་མེད་པ་དང་། ཐག་གཅོད་འདིར་ངོ་རྒོལ་བྱ་རྒྱུ་ཡིན་པ་བསྒྲགས།

ལྷག་པར་དམག་དཔུང་གི་ཁྲོད་དུའང་འདིར་མི་འདོད་པའི་ཚོར་བ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན། འདི་ནི་དམག་འཁྲུག་འགོ་བཙུགས་པ་ནས་ཛེ་ལན་སི་ཀེ་ཡིས། བདེ་སྲུང་བློན་ཆེན་བརྗེས་པ་ཐེངས་བཞི་བ་དེ་གྱུར་ཅིང་། ཛེ་ལན་སི་ཀེ་རང་གི་སྲིད་འཛིན་དུས་ཡུན་ཡང་ཕྱི་ལོ་ 2024 ཟླ་ 5 ཚེས་ 20 ཉིན་ནས་རྫོགས་ཟིན་ནའང་། ད་ལྟ་བར་དམག་འཁྲུག་གི་རྐྱེན་པས་འོས་བསྡུ་བྱེད་མ་ཐུབ་ཀྱང་། ཐེངས་འདིའི་ཐག་གཅོད་འདི་ལ་བརྟེན་ནས། ད་ལྟ་འོས་བསྡུ་གསར་བ་བྱ་རྒྱུའི་དུས་རེད་ཅེས་ཤོད་མཁན་བྱུང་།

གཟའ་ཕུར་བུའི་ཉིན་ནས་ཡུ་ཁུ་རན་གྱི་རྒྱལ་ས་གཙོས་གྲོང་ཁྱེར་དག་ཏུ། མི་མང་པོ་སྲང་ལམ་དུ་ཐོན་ནས་ཛེ་ལན་སི་ཀེ་གཞུང་ལ་ངོ་རྒོལ་དང་། ཧྥི་སྒྲོ་རོ་ཝི་ཕྱིར་བདེ་སྲུང་བློན་ཆེན་དུ་བསྐོ་དགོས་པ་དང་། ཆེས་མཐོའི་དམག་སྤྱི་སར་སི་ཀེ་ཡིས་དགོངས་པ་ཞུ་དགོས་པའི་འབོད་ཚིག་བསྒྲགས། ཡིན་ན་ཡང་། ད་ལྟ་ཛེ་ལན་སི་ཀེ་ལ། ཆེས་མཐོའི་དམག་སྤྱི་སར་སི་ཀེ་གནས་དབྱུང་གཏོང་རྒྱུའི་འཆར་གཞི་མེད་པ་ཟུར་ནས་གནས་ཚུལ་ཐོན།

•. དེ་དང་ལྷན་ཛེ་ལན་སི་ཀེ་ལས་ཁུངས་ཀྱི་ཆེས་མཐོའི་ལས་བྱེད་ཟུར་བ། ཡེར་མག་(Yermak)དང་། དམག་སྤྱི་སར་སི་ཀེ་གཉིས་ཐུག་བཞིན་པའི་གནས་ཚུལ་ཞིག་ཐོན་རྐྱེན། གནས་ཚུལ་འདི་ད་ལྟ་དམག་ཐབས་ཀྱི་ལྟ་བའི་རྩོད་གཞི་ལས། གཏིང་ཟབ་པའི་ཆབ་སྲིད་ཀྱི་རྙོག་གྲ་ཞིག་གི་ངོ་བོར་འཕོ་བཞིན་པ་དང་ལྷན། དམག་མི་མང་པོའང་ངོ་རྒོལ་འདིའི་ཁྲོད་ཞུགས་བཞིན་པ་དང་། དམག་སྤྱི་ཁང་གིས་ངོ་རྒོལ་ཁྲོད་ཞུགས་མཁན། དམག་མི་ཚོའི་མིང་ཐོ་བསྡུ་དགོས་ཞེས་ཉེན་བརྡ་གཏོང་བཞིན་པ་བཤད།

See le

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།