HomeUncategorizedལིན་ཛེ་གྷི་རམ་འདས་གྲོངས་སུ་ཕྱིན།

ལིན་ཛེ་གྷི་རམ་འདས་གྲོངས་སུ་ཕྱིན།

Date:

བདུན་ཕྲག་སྔོན་མའི་ཨ་རིའི་གཟའ་སྤེན་པའི་མཚན་མོ་དང་། རྒྱ་གར་གྱི་གཟའ་ཉི་མའི་ཞོགས་པར། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་སྐྱོར་བ་གཙོ་བོ་ལིན་ཛེ་གྷི་རམ་གློ་བུར་འདས་གྲོངས་སུ་ཕྱིན། ཕུང་པོར་ཞིབ་འཇུག་བྱས་པའི་རིམ་པ་དང་པོའི་གྲུབ་དོན་ལྟར་ན། འདས་རྐྱེན་གཙོ་བོ་ལུས་ཀྱི་འཕར་རྩ་གཙོ་བོ་(Aorta སྙིང་གི་གཡོན་ནས་ལུས་པོར་ཁྲག་རྒྱུ་སའི་རྩ་ཆེན།)རལ་བ་ལ་བརྟེན་ནས་ཡིན་པ་བསྒྲགས།

ཝ་ཤིན་ཀྲོན་གསར་ཤོག་ལྟར་ན། གཟའ་སྤེན་པའི་དགོང་མོར་ལིན་ཛི་གྷི་རམ་གྱི་བྲང་ཁར་ན་ཟུག་ལངས་པ་དང་། ཁོ་ལ་ཅུང་མི་བདེ་བ་བྱུང་སྐབས་སྨན་ཁང་ལ་འགྲོ་རྒྱུའི་རེ་བ་བཏོན་ཡང་།གསར་ཁང་ལ་ཐུག་རྒྱུའི་ལས་དོན་ཞིག་གི་ཆེད་གྲ་སྒྲིག་དང་། གཟའ་ཉི་མའི་ཞོགས་པར་སྨན་ཁང་ལ་འགྲོ་ཆོག་ཅེས་སྨན་ཁང་ལ་འགྲོ་རྒྱུ་ཁས་མ་བླངས་པ་བཤད།ས་གནས་ཀྱི་ཆུ་ཚོད་ 8:30 སྟེང་མྱུར་སྐྱོབ་སྨན་བཅོས་རུ་ཁག་ལ་ཁ་པར་འབྱོར་ཟིན་པ་བཤད་ཅིང་། སྐར་མ་ 25 ཡི་རྗེས་སུ་སྙིང་གི་འཕར་ལྡིང་མཚམས་བཞག་ཟིན་པ་གསལ།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཁོ་ཡུ་ཁུ་རན་དུ་ཡོད་པ་དང་།སྲིད་འཛིན་ཛེ་ལན་སི་ཀེར་ཐུག་ཅིང་ཡུ་ཁུ་རན་གྱི་སྒྲི་རོན་བཟོ་གྲྭར་ལྟ་ཞིབ་བྱེད་བཞིན་པའི་པར་སོགས་ཕྱིར་ཐོན། ཁོ་འདས་གྲོངས་སུ་མ་ཕྱིན་པའི་སྔོན། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཁ་པར་བརྒྱུད་གླེང་མོལ་ཞིག་བྱས་ཟིན་པ་གསལ། སྒྲོ་ནལ་ཁྲི་རམ་ཕུས། ཁོ་ཡུ་ཁུ་རན་ནས་ཕྱིར་འབྱོར་བ་ཙམ་རེད། ཅུང་ཐང་ཆད་ཡོད་པའི་རྣམ་པ་ལས་བདེ་ཐང་རེད་འདུག འདི་ནི་ཡིད་ཆེས་ཐབས་བྲལ་བ་ཞིག་རེད་ཅེས་བཤད།

ད་དུང་སྐབས་དེར་ལིན་ཛེ་གྷི་རམ་གྱིས་སྒྲོ་ནལ་ཁྲི་རམ་ཕུ་ལ། རྩེད་འཚར་གྱི་རྣམ་པས། ང་ད་དུང་འཆི་མི་རུང་། ད་དུང་ངས་རཱ་ཤི་ཡའི་སྟེང་ཉེས་ཆད་འགེལ་དགོས། ཨེ་རན་གྱི་དཀའ་ངལ་སེལ་རྒྱུ་དང་ཨེ་ཛི་རལ་དང་སོ་ཐེ་ཨ་རབ་བྷེ་ཡ་བར་གྱི་འབྲེལ་བ་རྒྱུན་ལྡན་བཟོ་དགོས་ཡོད་ཅེས་བཤད་ཟིན་པའི་གནས་ཚུལ་ཐོན། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་ལ་མྱ་ངན་མཚོན་ཆེད་གཟའ་སྤེན་པ་བར། ཨ་རིའི་རྒྱལ་ནང་གི་རྒྱལ་དར་ཚང་མ་ཕྱེ་མར་འཕབ་དགོས་པའི་བཀའ་བཏང་ཟིན་པ་བསྒྲགས།

ཕྱི་ལོ་ 2016 ལོར་སྒྲོ་ནལ་ཁྲི་རམ་ཕུ་ཐོག་མར་ཆབ་སྲིད་ཁྲོད་ཞུགས་སྐབས། ལིན་ཛེ་གྷི་རམ་ནི་སྒྲོ་ནལ་ཁྲི་རམ་ཕུ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ནའང་། རིམ་གྱིས་སྒྲོ་ནལ་ཁྲི་རམ་ཕུའི་མཐུན་གྲོགས་གཙོ་བོ་ཞིག་ཏུ་གྱུར། ཁོ་ནི་གྲོས་ཚོགས་གོང་མ་རུ་སྒྲོ་ནལ་ཁྲི་རམ་ཕུའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཁོ་འདས་རྗེས་སུ་སྒྲོ་ནལ་ཁྲི་རམ་ཕུས། ཁོ་ནི་ཆབ་སྲིད་པ་ཡག་པོ་ཞིག་དང་རྒྱལ་ཞེན་པ། ང་རང་གི་བཟའ་མི་ལྟ་བུ་ཡིན་ཞེས་བཤད།

◾ ལིན་ཛེ་གྷི་རམ་ནི་ཨ་རིའི་ཕྱི་སྲིད་དང་དམག་དོན་སྲིད་བྱུས་ཁྲོད་ཤུགས་རྐྱེན་ཡོད་པའི་འཐུས་མི་ཞིག་ཡིན་པ་དང་། ཨེ་ཛི་རལ་དང་ཡུ་ཁུ་རན་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དང་གྲོས་གཞི། བོད་དོན་ལ་རོགས་དངུལ་སྤྲོད་རྒྱུ་སོགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོའི་གྲས་ཤིག་ཡིན། ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་དང་། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ཀྱིས། འདས་པོ་གང་གི་ནང་མིར་སེམས་གསོའི་འཚམས་འཕྲིན་བསྐུར།

གྲོས་འཐུས་ལིན་ཛེ་གྷི་རམ་ནི། ཕྱི་ལོ་ 1955 ལོར་ཨ་རིའི་ལྷོ་ཀེ་རོ་ལ་ན་མངའ་སྡེར་སྐྱེས་ཤིང་། ཁོ་རང་རང་ལོ་ 22 ཀྱི་སྟེང་ཕ་མ་གཉིས་འདས་གྲོངས་སུ་ཕྱིན། སྐབས་དེར་ཁོ་ལ་སྲིང་མོ་ལོ་ 13 ཅན་ཞིག་ཡོད་པ་ལ། ཁོ་རང་གིས་སྲིང་མོའི་ཕ་མའི་ཚབ་ལྟར་བྱས། ཁྲིམས་ཀྱི་སློབ་སྦྱོང་མཐར་ཕྱིན་རྗེས། ཨ་རིའི་མཁའ་དམག་གི་ནང་དུ་ཞུགས་ཤིང་། ཕྱི་ལོ་ 1995 ལོར་ཆབ་སྲིད་ཁྲོད་འཛུལ། དེ་ནས་ཕྱི་ལོ་ 2003 བར་གྲོས་ཚོགས་འོག་མའི་འཐུས་མི་དང་། ཕྱི་ལོ་ 2003 ནས་གྲོས་ཚོགས་གོང་མའི་འཐུས་མིར་བྱས། ཁོ་ལ་བཟའ་ཟླ་དང་བུ་ཕྲུག་མེད།

See less

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།