Homeདཔལ་འབྱོར།བརྙན་བཟོ་མ་ལག་ཀྲིག་ཀྲོག 

བརྙན་བཟོ་མ་ལག་ཀྲིག་ཀྲོག 

Date:

ཕྱི་ལོ་ ༢༠༢༥/༩/༡༦ གཟའ་མིག་དམར།

. ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ། སི་ཀོ་ཀྲིས་འགོ་འཁྲིད་པའི་ཨ་རིའི་སྐུ་ཚབ་དང་། རྒྱ་ནག་གི་ཚོང་དོན་སྐུ་ཚབ་གཉིས་སི་པན་གྱི་རྒྱལ་ས་མཱ་རྡི་རེ་རྡིར་འཛོམས། དེའི་རྗེས་སུ་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཡུ་རོབ་ཏུ་ཨ་རི་དང་རྒྱ་ནག་གི་སྐུ་ཚབ་ལྷན་དུ་འཛོམས་པ་དེ་ཧ་ཅང་ཡག་པོ་བྱུང་སོང་། ཚོགས་འདུའི་གྲུབ་དོན་མགྱོགས་པོར་བཟོ་རྒྱུ་རེད། ང་ཚོའི་རྒྱལ་ཁབ་ཀྱི་ན་གཞོན་ཚོར་འདོད་པ་ཆེན་པོ་ཡོད་པའི་ཁེ་གཉེར་ཞིག་གི་ཐད་གྲོས་མཐུན་བྱུང་ཡོད། ཁོ་ཚོ་ཧ་ཅང་དགའ་ངེས་ཡིན། གཟའ་པ་སངས་ཉིན་ངས་སྲིད་འཛིན་ཞེ་ཅེན་ཕིན་དང་ལྷན་སྐད་ཆ་བཤད་རྒྱུ་ཡིན་ལ། འབྲེལ་བ་ཧ་ཅང་བརྟན་པོ་ཡིན་ཞེས་བྲིས། ཁོས། ཞེ་ཅེན་ཕིན་དང་ཁོ་སྒེར་བར་གྱི་འབྲེལ་བ་ཟེར་གྱི་ཡོད་དམ། ཡང་ན་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བར་བཤད་ཀྱི་ཡོད་གསལ་བོར་མ་བཟོས།

•. དེ་བཞིན་ཁོས་”ང་ཚོའི་རྒྱལ་ཁབ་ཀྱི་ན་གཞོན་ཚོར་འདོད་པ་ཆེན་པོ་ཡོད་པའི་ཁེ་གཉེར་”ཞེས་བཤད་པའི་དོན་ནི། རྒྱ་ནག་གི་བརྙན་བཟོ་མ་ལག་ཀྲིག་ཀྲོག་(Tiktok)ལ་ཤོད་བཞིན་པ་གསར་ཁང་དག་གིས་ཚོད་དཔག་བྱེད། སྒྲོ་ནལ་ཁྲི་རམ་ཕུ་དང་ཨ་རིའི་ནོར་སྲིད་དྲུང་ཆེ་གཉིས་ལྟར་ན། རྒྱ་ནག་གིས་ཀྲིག་ཀྲོག་དེ་ཨ་རིའི་ཁེ་གཉེར་ཞིག་ལ་འཚོང་རྒྱུར་ཁས་བླངས་སོང་ལ། གྲོས་མཐུན་འདིའི་སྒྲོམ་གཞི་བཟོས་ཟིན་ཅེས་བཤད། དེའི་དོན་ཅི་ཞིག་ཡིན་པ་ཁ་གསལ་མ་བཟོས་ཀྱང་། རྒྱ་ནག་གིས་ཨ་རིར། མཉེན་ཆས་འདིའི་ཁྱད་ཆས་གཙོ་བོ་དག་མུ་མཐུད་དུ་མཉར་དགོས་པ་དང་། སྔར་བཞིན་:ཀྲུང་གོའི་རིག་གཞུང་གི་ཁྱད་ཆས་ཡོད་པ་:ཞིག་གི་ངོ་བོར་འཇོག་དགོས་ཞེས་ཆ་རྐྱེན་བཏོན་ཡོད་པ་གསལ།

•. :ཀྲུང་གོའི་རིག་གཞུང་གི་ཁྱད་ཆོས་ཡོད་པ་:ཞིག་གི་ངོ་བོར་འཇོག་དགོས་ཞེས། རྒྱ་ནག་གིས་དགོས་འདུན་བཏོན་པ་འདིའི་ཐད་ཨ་རིའི་ནོར་སྲིད་དྲུང་ཆེ་ཡིས། ཁོ་ཚོས་(རྒྱ་ནག་གི་སྐུ་ཚབ་ཚོས།)འདིར་དོ་སྣང་བྱེད་བཞིན་འདུག ཁོ་ཚོས་འདི་ནི་འཇམ་པོའི་སྟོབས་ཤུགས་ཤིག་ཏུ་སེམས་བཞིན་འདུག ཨ་རིའི་བདེ་འཇགས་ལ་གནོད་པ་མེད་ཚེ་ང་ཚོས་:ཀྲུང་གོའི་རིག་གཞུང་གི་ཁྱད་ཆོས་ཡོད་པ་:ལ་ཁ་ཡ་བྱ་རྒྱུ་མིན་ཞེས་བཤད། ཨ་རིའི་རྒྱལ་ནང་དུ་མི་ས་ཡ་ 170 ཡིས་སྤྱོད་བཞིན་པའི་བརྙན་བཟོ་མ་ལག་འདི་ནི། ན་གཞོན་ཁྲོད་དར་ཁྱབ་ཆེ་ཞིང་སྲིད་འཛིན་བྷ་ཀྲན་གྱི་སྐབས། མཉེན་ཆས་འདི་ཨ་རིའི་རྒྱལ་སྲུང་ལ་གནོད་པ་བཤད་ནས་བཀག་ཟིན། སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། བཀའ་རྒྱ་དེ་ཕྱིར་འཐེན་ཅིང་ཨ་རིའི་རྒྱལ་ནང་དུ་མཉེན་འདི་བཀག་པ་ལས། ཨ་རིའི་ཁེ་གཉེར་ཞིག་གིས་ཉོས་ན་ཡག་པོ་འདུག་ཅེས་བཤད། འབྱུང་འགྱུར་མཉེན་ཆས་འདི་ཨ་རིའི་ཁེ་གཉེར་གང་ཞིག་གིས་ཉོ་མིན་ད་དུང་མི་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག