Homeདཔལ་འབྱོར།རྒྱ་གར་གྱི་དཔལ་འབྱོར། 

རྒྱ་གར་གྱི་དཔལ་འབྱོར། 

Date:

ཕྱི་ལོ་ ༢༠༢༥/༩/༤ གཟའ་ཕུར་བུ།

•. ད་ལོའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 3 བར་གྱི་རྒྱ་གར་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་ཕྱོགས་བསྡོམས་ཡར་རྒྱས་ཀྱི་ཚད་དེ་བརྒྱ་ཆ་ 7.4% ཡིན་པས། འདི་ལ་གཞིར་བཞག་ནས་ཕྱི་ཟླ་ 4 ནས་ཕྱི་ཟླ་ 6 བར་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་ཕྱོགས་བསྡོམས་ཀྱི་ཚད་དེ་བརྒྱ་ཆ་ 6.7% ཡིན་པ་ཚོད་དཔག་བྱས་ཀྱང་། ཟླ་བ་འདིར་སྙན་ཐོ་བཏོན་པ་ལྟར་ན། ཕྱི་ཟླ་ 4 ནས་ཕྱི་ཟླ་ 6 བར་བརྒྱ་ཆ་ 7.8% ཡར་འཕར་ཡོད་ཅིང་། ཆེད་མཁས་པའི་སྔོན་དཔག་ལས་བརྒལ། འདི་ནི་གཙོ་བོ་རྒྱལ་ནང་གི་འཛད་སྤྱོད་ཚོས་དངུལ་སྒོར་ཁྲོམ་རར་བཏང་བའི་ཚད་གཞི་མཐོ་བ་དང་། གཞུང་གིས་འཛུགས་སྐྲུན་རྣམ་གྲངས་འདྲ་མིན་ཁྲོད་མ་རྐང་འཇོག་བཞིན་པ། འཕྲུལ་རིག་ཞབས་ཞུ་(IT)དང་། ནོར་སྲིད་ཞབས་ཞུའི་ཚད་གཞི་ཡར་འཕར་བཞིན་པས་ཡིན་པ་བཤད།

•. ལྷག་པར་རྒྱལ་ནང་གི་འཛད་སྤྱོད་ཚོས་བཏང་བའི་དངུལ་སྒོར་གྱིས།རྒྱལ་ནང་ཐོན་སྐྱེད་རིན་ཐང་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ 57% ཟིན་ཡོད་པ་གསལ། དེ་བཞིན་ད་ལོའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 3 བར། བཟོ་གྲྭ་དག་གི་ཐོན་སྐྲུན་གྱི་ཚད་དེ་བརྒྱ་ཆ་ 4.8% ཡིན་པ་ལ། ཕྱི་ཟླ་ 4 ནས་ཕྱི་ཟླ་ 6 བར་བརྒྱ་ཆ་ 7.7% བར་ཡར་འཕར། གཞན་ཡང་འཛུགས་སྐྲུན་གྱི་ཚད་གཞི་དེ། ཕྱི་ཟླ་ 1 ནས་ཕྱི་ཟླ་ 3 བར་བརྒྱ་ཆ་ 10.8% ཡིན་པ་ལ། ཕྱི་ཟླ་ 4 ནས་ཕྱི་ཟླ་ 6 བར་བརྒྱ་ཆ་ 7.6% ཡིན་པས། མར་ཟག་ཟིན་ནའང་སྔར་བཞིན་ཡར་རྒྱས་བརྟན་པོར་འགྲོ་བཞིན་པ་བཤད། གཞན་ཡང་ཞིང་ལས་དེ། ཟླ་བ་སྔོན་མ་ 3 རིང་བརྒྱ་ཆ་ 5.4% ཡིན་པ་ལ། ཟླ་བ་རྗེས་མ་ 3 རིང་བརྒྱ་ཆ་ 3.7% ལ་མར་ཟག་ཅིང་། དེ་ནི་ཆར་དུས་དང་ས་ཆ་མང་པོར་སྟོན་ཐོག་ཡག་པོ་མ་བྱུང་བས་ཡིན་སྲིད་པ་བཤད།

•. དེ་ལྟར་ན་ཨ་རིའི་སྒོ་ཁྲལ་གྱི་རྐྱེན་པས། ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་སྤྱིའི་ཁ་ཕྱོགས་ངེས་གཏན་མེད་པ་གྱུར་ཡོད་ནའང་། རྒྱ་གར་གྱི་དཔལ་འབྱོར་གྱིས་སྔར་བཞིན་འཛམ་གླིང་གི་ཡར་རྒྱས་མགྱོགས་ཤོས་ཤིག་ཡིན་པའི་གོ་ས་དེ་ཤོར་མེད་པ་གསལ། ཡིན་ན་ཡང་། རྒྱ་གར་གྱིས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་བཞིན་པ་རྒྱུ་མཚན་གཙོ་བོར་བགྲངས་ནས། ཨ་རིས་རྒྱ་གར་གྱི་སྟེང་སྔ་ཕྱི་སྒོ་ཁྲལ་བརྒྱ་ཆ་ 50% བཀལ་ཟིན་པ་དེ་དངོས་སུ་ལག་བསྟར་འགོ་བཙུགས། དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་རྟེན་གཞི་བྱེད་པའི་དཔལ་འབྱོར་ཞིབ་འཇུག་ཚོགས་པ་ཞིག་གིས། ད་ལོའི་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དེ་བརྒྱ་ཆ་ 7% ཟིན་རྒྱུ་ཡིན་པ་བཤད། རྒྱ་གར་གཞུང་གི་དཔལ་འབྱོར་སློབ་སྟོན་པ་ཞིག་གིས། ཨ་རིའི་སྒོ་ཁྲལ་དང་། རྒྱ་གར་གྱིས་དེར་ལན་བསློགས་ནའང་། ད་ལོའི་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དེ་བརྒྱ་ཆ་ 6.3% ནས་ 6.8% བར་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་ཅེས་བཤད།

•. མོ་དྷི་སྲིད་གཞུང་གིས། རས་ཆ་དང་གོས་སོགས་བཟོ་མཁན་དང་། ཀོ་བའི་ཐོན་རྫས་བཟོ་མཁན། རྫས་སྦྱོར་བཟོ་གྲྭ་སོགས་ཨ་རིའི་སྒོ་ཁྲལ་གྱིས་ཤུགས་རྐྱེན་སྡུག་ཤོས་ཐེབས་ཡུལ་དག་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་ཁས་བླངས་ཤིང་། ཁོ་ཚོའི་ཐོན་རྫས་རྒྱལ་ནང་རང་དུ་བྲིན་ཆེད་ཚོང་ཁྲལ་ཆག་ཡངས་གཏོང་རྒྱུ་ཡིན་པ་བཤད། ཡིན་ན་ཡང་། ཨ་རིའི་སྒོ་ཁྲལ་གྱིས་རྒྱ་གར་གྱིས་ཨ་རིར་འཚོང་བཞིན་པའི་ཚོང་ཟོག་བརྒྱ་ཆ་55% འམ། ཨ་སྒོར་ཐེར་འབུམ་ $47 ནས་ཨ་སྒོར་ཐེར་འབུམ་ $48 བར་གྱི་ཚོང་ཟོག་སྟེང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་དང་། དེ་ལ་བརྟེན་ནས་ཝེ་ཐི་ནམ་དང་། བྷང་ལ་རྡི་ཤི རྒྱ་ནག་སོགས་ལ་ཁེ་ཕན་ཟུར་ནས་ཐོབ་རྒྱུ་ཡིན་པ་བཤད་ཅིང་། རྒྱ་གར་གྱི་ལས་མི་ཚོའི་གླ་དངུལ་དམའ་རུ་འགྲོ་བ། ལས་ཀ་ཤོར་བ། ཐོན་སྐྲུན་ནུས་པར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་དང་། ཕྱི་ཟླ་ 8 པའི་ནང་ནས་རྟགས་དེ་ཅུང་ཙམ་ཐོན་བཞིན་པ་བཤད།

•. ཆེད་མཁས་པ་ཚོས། ཨ་རིའི་སྒོ་ཁྲལ་གྱི་རྐྱེན་པས་ད་ལོའི་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་གྲངས་ཆུང་ 0.6 ནས་ 0.8 བར་མར་ཟག་སྲིད་པ་བཤད་ཅིང་། དེ་ལྟར་ན་རྒྱ་གར་གཞུང་གི་ཡར་རྒྱས་དམིགས་འབེན་གྱི་ཚད་དེ་བརྒྱ་ཆ་ 7% ཡིན་ཚེ། སྒོ་ཁྲལ་གྱི་རྐྱེན་པས་བརྒྱ་ཆ་ 6.2% ནས་བརྒྱ་ཆ་ 6.4% བར་མར་གཡུག་རྒྱུ།གཞན་ཡང་ཨ་སྒོར་དང་བརྗེ་སྒྱུར་སྐབས་ཧིན་སྒོར་གྱི་རིན་ཐང་མར་ཆག་བཞིན་པའི་མཚམས། རོའུ་ཀྲར་གསར་ཤོག་གིས་རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་ཅིག་གི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། རྒྱ་གར་གྱིས་ཨ་རི་ལྷན་སྐད་ཆ་བཤད་རྒྱུའི་རེ་བ་རྒྱག་བཞིན་པ་དང་། སྒོ་ཁྲལ་བརྒྱ་ཆ་ 50% ནས་བརྒྱ་ཆ་ 25% མར་བཅག་ཐུབ་པའི་རེ་བ་འཆང་ཡོད་པ་བཤད། ད་ལྟ་བར་རྒྱ་གར་གྱིས་ཆབ་སྲིད་ཀྱི་ཐད་ནས་ཨ་རིར་མི་འདོད་པའི་ལན་དྲག་པོ་ཞིག་བསློགས་པ་ལས། དཔལ་འབྱོར་རང་ངོས་ནས་རྒོལ་ལན་བསློགས་མེད་པ་དེ་ནི་རེ་བ་བཟང་ས་ནས་རྒྱག་བཞིན་པའི་རྟགས་ཤིག་ཏུ་མངོན།

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།