admin

spot_img

ལིན་ཛེ་གྷི་རམ་འདས་གྲོངས་སུ་ཕྱིན།

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ལིན་ཛེ་གྷི་རམ་འངས་གྲོངས་སུ་ཕྱིན། ཁོ་ཡུ་ཁུ་རན་ནས་ཕྱིར་སླེབས་པ་ཐག་ཡིན་ཞིང་། ཁོ་ནི་བོད་དོན་དང་ཡུ་ཁུ་རན། ཨེ་ཛི་རལ་བཅས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དལ་དུ་ཕྱིན།

ད་ལོའི་ཕྱི་ཟླ་ ༤ ནས་ཕྱི་ཟླ་ ༦ བར་གྱི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དེ། འདས་པའི་ལོ་ངོ་ ༣ གྱི་རིང་རིང་ཚད་དམའ་ཤོས་དེ་གྱུར། ཕྱིར་འཚོང་ཡག་པོ་ཡོད་ཀྱང་རྒྱལ་ནང་གི་མཛད་སྤྱོད་སྔར་བཞིན་ཞན་པོ་ཡོད་པ་གསལ།

ཛེ་ལན་སི་ཀེས་བདེ་སྲུང་བློན་ཆེན་གནས་དབྱུང་བཏང་།

ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། བདེ་སྲུང་བློན་ཆེན་ཧྥེ་སྒྲོ་རོ་ཝི་གོ་ས་ནས་འཕབ། དེས་ཡུ་ཁུ་རན་གྱི་རྒྱལ་ནང་དུ་ཆབ་སྲིད་ཀྱི་རྙོག་ཟིང་བསླངས་ཤིང་། རྙོག་ཟིང་འདི་ད་ལྟ་གཏིང་ཟབ་ཏུ་ཕྱིན།

ཨ་རིས་ཐོངས་མཆན་དམ་དྲགས།

ཨ་རིའི་རྒྱལ་ནང་དུ་སློབ་སྦྱོང་ཆེད་ཡོང་བའི་སློབ་ཕྲུག་ཅིག་ཡིན་ན། ཐོངས་མཆན་(F-1)གྱི་དུས་ཡུན་ལོ་ 4 རྫོགས་རྗེས་ཡང་བསྐྱར་འདུག་ཆོག་མིན་ཐད། དབུས་གཞུང་ལ་ཐད་ཀར་ཆོག་མཆན་ཞུ་དགོས་པ་དང་། གཞན་སློབ་དུས་རྫོགས་པ་དང་ཉིན་ 30 ཡི་ནང་ཨ་རི་ནས་ཕྱི་ལ་ཐོན་དགོས་པ་བྲིས།

རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས། 

བོད་མི་མིང་ལ་རང་བཙན་བློ་དགའ་ཞུས་པས། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་བཟུང་ནས་རང་ལུས་མེར་བསྲེགས་བཏང་།

དམིགས་བསལ་གལ་ཆེན་གསར་འགྱུར།

ཁ་སང་ཨེ་རན་གྱིས། ཧོར་མུ་ཛི་མཚོ་འགག་དང་དེའི་ཐག་ཉེར། གྲུ་གཟིངས་ 2 (ད་ལྟ་གནས་ཚུལ་ཐོན་པ་ལྟར་ན། གྲུ་གཟིངས་ 3 ཡང་ཟེར།)སྟེང་གཏོར་རྒོལ་བྱས་ཟིན་པ། ཨ་རིའི་ལས་བྱེད་ཚོས་བཤད་ཅིང་། དེའི་ལན་དུ་མདང་དགོང་ཨ་རིའི་དམག་དཔུང་གིས། ཨེ་རན་ལྷོ་ཕྱོགས་བྷན་རྡར་ཨ་བྷ་སི་སོགས་སུ་ཡོད་པ། ཨེ་རན་གྱི་དམག་དོན་བསྟི་གནས་དང་། གོ་ལག་སོགས་དམིགས་འབེན་གྲངས་ 80 ཡི་སྟེང་གཏོར་རྒོལ་བྱས་ཟིན་པ་བསྒྲགས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

Subscribe

- Never miss a story with notifications

- Gain full access to our premium content

- Browse free from up to 5 devices at once

Must read

spot_img